༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱིས་མུའུ་ནེ་ཧེ་ཡིི་བདེ་འཇགས་སྲིད་ཇུས་གྲོས་ཚོགས་ཟང་ཟིང་དུ་བཏང་བ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-02-08 10:15 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་མུའུ་ཐཱ་ཅི་མུའུ་ནེ་ཧེ་ཡི་བདེ་འཇགས་སྲིད་ཇུས་གྲོས་ཚོགས་ལ་ཞུགས་རྒྱུའི་གནས་ཚུལ་ཚེས5ཉིན་གློ་བུར་དུ་བསྒྲགས་རྗེས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་གྲོས་ཚོགས་ཀྱི་གཙོ་གནད་དུ་གྱུར། ཚེས6ཉིན་གྱི་བདེ་འཇགས་སྲིད་ཇུས་གྲོས་ཚོགས་སྟེང་། མུའུ་ཐཱ་ཅི་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ལ་དམིགས་པའི་གྲོས་བསྡུར་གྱིས་གྲོས་གཞི་གཞན་པའི་མདངས་ཤོར་དུ་བཅུག་ཡོད།

    དབྱི་ལིང་གི་ཙུང་ཐུང་ནེ་ཅཱ་ཏི་ཡིས་ཚེས2ཉིན་ཏི་ཧེ་ལན་ནས་བསྟན་དོན། དབྱི་ལིང་གིས་ཉིང་རྡུལ་ནུས་པ་དེ་རྒྱལ་ཁབ་གཞན་དུ་བསྐྱལ་ནས་ཉིང་རྡུལ་འབར་རྫས་སུ་ལས་སྣོན་བྱེད་པར་འདང་རྒྱག་གིན་མེད་ཟེར།

    ཚེས5ཉིན་གྱི་ཕྱི་དྲོར་མུའུ་ནེ་ཧེ་ཡི་བདེ་འཇགས་སྲིད་ཇུས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། གྲོས་ཚོགས་ཀྱི་ཀྲུའུ་ཞི་དབྱི་ཧྲིན་ཀི་ཨར་གྱིས་ཆེད་དུ་ཚང་མར་གསལ་འདེབས་བྱས་པ་དང་། དགོང་མོའི་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་ཆེད་དུ་མུའུ་ཐཱ་ཅི་དང་སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་ཁཱ་ཨར་པུས་ཨར་ཐི་གཉིས་ལ་གྲོས་བསྡུར་བྱེད་པའི་ཚོགས་འདུ་ཞིག་བཀོད་སྒྲིག་བྱས། འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཀུའུ་ཐིན་པེ་ཀི་ཡིས་དེའི་རྗེས་སུ་བཤད་རྒྱུར། གཟའ་འཁོར་འདིའི་གཟའ་མཇུག་ལ་གཏམ་བཟང་ཞིག་གོ་ཐུབ་པར་རེ་སྒུག་བྱས་ཡོད་ཟེར། ལྟ་ཞིབ་པ་མང་བོས་དབྱི་ལིང་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བཏོན་པའི་ཉིང་རྡུལ་འབར་རྫས་ཀྱི་བརྗེ་གསོར་གྲོས་གཞི་དང་ལེན་བྱེད་པར་ཆ་རྐྱེན་ག་འདྲ་འདོན་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་འགྱུར་ལྡོག་གསར་བ་འབྱུང་མིན་གསལ་བོར་རྟོགས་འདོད་ཧ་ཅང་ཆེ།   །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག