༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
བུའུ་ཁི་ལན་རྒྱལ་ཁབ་ཀྱིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕང་བ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-02-08 10:14 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

 འདི་ནི་ཟླ1པའི་ཚེས18ཉིན་བུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ནས་པར་བླངས་པའི་འདེམ་ཤོག་ཁ་གྲངས་བསྡོམ་རྩིས་བྱེད་པའི་བརྙན་རིས་རེད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བུའུ་ཁི་ལན་རྒྱལ་ཁབ་ཀྱིས་ཚེས7ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕང་བ་དང་། ངོ་རྒོལ་ཕྱོགས་ཁག་ཏང་གི་མགོ་ཁྲིད་པ་ཡཱ་ནོའུ་ཁི་ཝེ་ཆི་དང་ད་ལྟའི་ཙུང་ཐུང་ཅིས་མའོ་ཧྲིན་ཁི་གཉིས་ཀྱིས་ཙུང་ཐུང་གི་གོ་གནས་བརྩད།

    ས་དེའི་སྔ་དྲོའི་དུས་ཚོད་བརྒྱད་སྟེང་། བུའུ་ཁི་ལན་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་ཁྲི་གསུམ་དང་སྟོང་གསུམ་ནས་ཐོ་འགོད་བྱས་པའི་འདེམ་དམངས་བྱེ་བ་གསུམ་དང་ས་ཡ་དྲུག་གིས་མཉམ་དུ་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་དགོང་མོའི་དུས་ཚོད་བརྒྱད་བར་རྒྱུན་བསྲིངས་རྒྱུ་རེད། བུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་ལྟར་ན། བསྡོམས་པས་རྒྱལ་སྤྱིའི་ལྟ་ཞིབ་པ་སྟོང་བཞི་ཙམ་གྱིས་སྐོར་ཐེངས་འདིའི་འདེམ་བསྐོའི་འཕེལ་རིམ་ལ་ལྟ་རྟོག་བྱས་པ་རེད།  །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག