ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས23ཉིན་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཞི་ཡིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་དུ་འགད་རྫས་སྦས་སྐོང་བྱེད་སྐབས་འགད་རྫས་གློ་བུར་དུ་འགས་གཏོར་བྱུང་ནས་བསད་པ་དང་། ཉིན་དེའི་དགོང་མོར་ཡང་ས་ཁུལ་དེར་འགད་རྫས་སྦས་སྐོང་བྱེད་པའི་དྲག་ཆས་ཉེས་ཅན་བརྒྱད་ཉེན་རྟོག་ཕྱོགས་ཀྱིས་བསད། །
