༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
ཧེ་ཐིའི་ཙུང་ཐུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་དོན་དམག་དཔུང་བཙུགས་ནས་རོགས་སྐྱོར་ལ་མཐུན་སྦྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-01-25 10:41 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧེ་ཐིའི་ཙུང་ཐུང་ཕུའུ་ལོས་ཝ་ཨར་གྱིས་ཚེས23ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་ཆོས་རིང་ལུགས་ཐེ་གཏོགས་ཀྱི་འགན་ཁུར་བའི་ཆེད་དོན་དམག་དཔུང་བཙུགས་ནས། ཧེ་ཐིའི་སྲིད་གཞུང་གིས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་ཀྱི་མཐུན་སྦྱོར་དང་བགོ་བཤའ་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

 ཕུའུ་ལོས་ཝ་ཨར་གྱིས་ཉིན་དེར་ཧེ་ཐིའི་མང་ཚོགས་སྟོང་ཕྲག་འགའ་དང་མཉམ་དུ་རྒྱལ་སྲས་གྲུ་ཁའི་ཆོས་ཁང་གི་ཞིག་རོའི་ཤུལ་དུ་འཛོམས་ཏེ། ས་འགུལ་ཁྲོད་ཚེ་ལས་འདས་པའི་ཆོས་བདག་མུས་ཨོ་དང་རྒྱལ་སྲས་གྲུ་ཁའི་ཆོས་བདག་ཚབ་མ་པོ་ནོའུ་ཝ་གཉིས་ལ་མྱ་ངན་ཞུས།   །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག