༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་སྤྱི་གསར་འགྱུར།
དབྱི་རག་བདེ་འཇགས་དམག་དཔུང་གིས་པཱ་ཀ་ཏཱ་ནས་གཞི་རྒྱ་ཆེ་བའི་སྔོག་བཤེར་བྱ་འགུལ་སྤེལ་བ།
བསོད་ནམས་ཚེ་རིང་གིས་བསྒྱུར། 2010-01-13 10:01 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་དམག་དཔུང་གིས་ཚེས12ཉིན་གློ་བུར་དུ་རྒྱལ་ས་པཱ་ཀ་ཏཱ་གྲོང་ཁྱེར་གྱི་ས་ཁུལ་ཁག་ཅིག་བཀག་སྡོམ་བྱས་པར་མ་ཟད། གཞི་རྒྱ་ཆེ་བའི་སྔོག་བཤེར་བྱ་འགུལ་སྤེལ།

   པཱ་ཀ་ཏཱའི་བདེ་འཇགས་དམག་དཔུང་གི་མགྲིན་ཚབ་པ་ཨ་ཐཱ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཉིན་དེའི་ཞོགས་པར་ས་ཁུལ་ཁག་ཅིག་བཀག་སྡོམ་བྱས་ནས་སྔོག་བཤེར་བྱས་པ་ནི་སྔོན་འགོག་རང་བཞིན་གྱི་བདེ་འཇགས་བྱེད་ཐབས་ཤིག་ཡིན་ཟེར་ཡང་། ཁོས་བཀག་སྡོམ་དང་སྔོག་བཤེར་བྱས་པའི་རྒྱུ་རྐྱེན་གསལ་བོར་མ་བཤད།

    མིང་བཤད་མི་འདོད་པའི་པཱ་ཀ་ཏཱའི་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་གཙོ་བོ་པཱ་ཀ་ཏཱ་ཤར་ཕྱོགས་ཀྱི་ས་ཁུལ་ནས་གཞི་རྒྱ་ཆེ་བའི་སྔོག་བཤེར་བྱ་འགུལ་སྤེལ་བ་དང་། ཧྲི་ཡེ་ཕྱོགས་ཁག་འདུས་སྡོད་བྱེད་པའི་སཱ་ཏི་ཨར་མཁར་ནི་སྔོག་བཤེར་བྱེད་ས་གཙོ་བོ་ཞིག་རེད།    །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག