ཟླ 11པའི་ ཚེས 8ཉིན། ཕཱ་ ཁི་ སི་ ཐན་ ནུབ་ བྱང་ མཐའ་ མཚམས་ ཞིང་ ཆེན་ གྱི་ ལྟེ་ གནས་ གྲོང་ ཁྱེར་ པེ་ ཧྲ་ ཝ་ ན། བདེ་ འཇགས་ མི་ སྣས་ འགས་ གཏོར་ བྱུང་ བའི་ རླངས་ འཁོར་ ཉེ་ སར་ བཀག་ སྡོམ་ བྱེད་ བཞིན་ པ།
ཞིན་ ཧྭ་ གསར་ འགྱུར་ ཁང་ གི་ གློག་ འཕྲིན་ ལྟར། ཕཱ་ ཁི་ སི་ ཐན་ ནུབ་ བྱང་ མཐའ་ མཚམས་ ཞིང་ ཆེན་ གྱི་ གསར་ འགྱུར་ པུའུ་ ཀྲང་ དབྱི་ ཧྥུ་ ཏིས་ ཧཱ་ ཨར་ ཧི་ སེ་ ཡུན་ གྱིས་ ཚེས 8ཉིན་ བདེན་ དཔང་ བྱས་ དོན། ཉིན་ དེར་ ཞིང་ ཆེན་ དེའི་ ལྟེ་ གནས་ གྲོང་ ཁྱེར་ པེ་ ཧྲ་ ཝ་ རུ་ བྱུང་ བའི་ རང་ སྲོག་ གཅོད་ པའི་ འགས་ གཏོར་ འཇབ་ རྒོལ་ དོན་ རྐྱེན་ ལས་ ཉུང་ མཐར་ ཡང་ མི 10ཚེ་ ལས་ འདས་ པ་ དང་། མི 20ལྷག་ ལ་ རྨས་ ཕོག
འགས་ གཏོར་ དེ་ པེ་ ཧྲ་ ཝ་ གྲོང་ ཁྱེར་ ཉེ་ འདབས་ ཀྱི་ ཨ་ ཏིས་ ཀྲ་ དབྱི་ གྲོང་ བརྡལ་ གྱི་ ཕྱུགས་ ཟོག་ ཚོང་ ར་ ཞིག་ ནས་ བྱུང་ བ་ དང་། སྐབས་ དེར་ རླངས་ འཁོར་ ཞིག་ འགས་ གཏོར་ བཏང་ བ་ རེད། ཉེན་ རྟོག་ ཕྱོགས་ ཀྱིས་ བཤད་ རྒྱུར། ཨ་ ཏིས་ ཀྲ་ དབྱི་ གྲོང་ བརྡལ་ གྱི་ ཀྲིན་ ཀྲང་ ཨ་ པུའུ་ ཏུའུ་ ལེ་ མཱ་ ལེ་ ཁི་ འཇབ་ རྒོལ་ ཁྲོད་ ཚེ་ ལས་ འདས།
རྒྱུས་ ལོན་ བྱུང་ བའི་ གནས་ ཚུལ་ ལྟར་ ན། མཱ་ ལེ་ ཁི་ ནི་ ས་ དེའི་ དམངས་ དམག་ དྲག་ ཆས་ རྩ་ འཛུགས་ ཤིག་ གི་ མགོ་ ཁྲིད་ པ་ ཡིན་ པ་ དང་། དྲག་ ཆས་ རྩ་ འཛུགས་ དེས་ ཕཱ་ ཁི་ སི་ ཐན་ གྱི་ ཐཱ་ ལེ་ པན་ ལ་ འཐབ་ འཁྲུག་ བྱེད་ བཞིན་ ཡོད། དེའི་ སྔོན་ མཱ་ ལེ་ ཁི་ ལ་ ཐེངས་ མང་ བོར་ འཇབ་ རྒོལ་ ཐེབས་ མྱོང་།
ཕཱ་ ཁི་ སི་ ཐན་ གྱི་ ཙུང་ ཐུང་ ཀྲ་ ཨར་ ཏཱ་ ལི་ དང་ ཙུང་ ལི་ ཅི་ ལཱ་ ནེ་ གཉིས་ ཀྱིས་ ཉིན་ དེར་ གསལ་ སྒྲོག་ སྤེལ་ ཏེ། འཇབ་ རྒོལ་ དོན་ རྐྱེན་ དེ་ ལ་ རྒོལ་ གཏམ་ དྲག་ པོ་ བཏང་། གསལ་ སྒྲོག་ ལས་ འཇབ་ རྒོལ་ བྱེད་ མཁན་ དེ་ ནི་ རྒྱལ་ ཁབ་ ཀྱི་ དགྲ་ བོ་ ཡིན་ པས། ངེས་ པར་ དུ་ ཉེས་ ཅན་ དེ་ དག་ ཁྲིམས་ ལ་ སྦྱོར་ དགོས་ ཟེར། སྲིད་ གཞུང་ གིས་ མང་ ཚོགས་ ཀྱི་ ཚེ་ སྲོག་ དང་ རྒྱུ་ ནོར་ གྱི་ བདེ་ འཇགས་ ལ་ སྲུང་ སྐྱོབ་ བྱེད་ པའི་ འགན་ འཁྲི་ ཡོད་ པས། རིགས་ དེ་ འདྲའི་ དོན་ རྐྱེན་ གྱིས་ རྒྱལ་ ཁབ་ ཀྱི་ ཞི་ བདེ་ ལ་ གཏོར་ བརླག་ བྱེད་ པར་ ཀུ་ ཡངས་ གཏན་ ནས་ གཏོང་ མི་ སྲིད།།