ཟླ 11པའི་ ཚེས 8ཉིན། ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ ཁོངས་ གཏོགས་ རྒྱལ་ ཁབ་ ཀྱི་ འཐུས་ མི་ སིང་ ག་ ཕོར་ ནས་ ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ མཐོ་ རིམ་ གྲོས་ ཚོགས་ ལ་ ཞུགས། ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ མཐོ་ རིམ་ གྲོས་ ཚོགས་ ཉིན་ དེ་ ནས་ བཟུང་ སིང་ ག་ ཕོར་ ནས་ ཚོགས་ པ་ དང་། ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ མགོ་ ཁྲིད་ པའི་ གྲོས་ ཚོགས་ གཟའ་ འཁོར་ བྱ་ འགུལ་ དངོས་ སུ་ མགོ་ བརྩམས།
ཞིན་ ཧྭ་ གསར་ འགྱུར་ ཁང་ གི་ གློག་ འཕྲིན་ ལྟར། ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ མཐོ་ རིམ་ གྲོས་ ཚོགས་ ཚེས 8ཉིན་ ནས་ བཟུང་ སིང་ ག་ ཕོར་ ནས་ ཚོགས་ པ་ དང་། ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ མགོ་ ཁྲིད་ པའི་ གྲོས་ ཚོགས་ གཟའ་ འཁོར་ བྱ་ འགུལ་ དངོས་ སུ་ མགོ་ བརྩམས། རྒྱལ་ སྤྱིའི་ དངུལ་ ལོར་ ཉམས་ ཉེན་ ཐག་ གཅོད་ པ་ དང་། ཉོ་ ཚོང་ དང་ དངུལ་ གཏོང་ གི་ སྲུང་ སྐྱོབ་ རིང་ ལུགས་ ལ་ ངོ་ རྒོལ་ བྱེད་ པ། ཏོ་ ཧཱ་ གྲོས་ མོལ་ ལ་ སྐུལ་ འདེད་ གཏོང་ བ། ས་ ཁུལ་ གྱི་ དཔལ་ འབྱོར་ གཞི་ གཅིག་ ཅན་ ལ་ ཡར་ སྐུལ་ བྱེད་ པ་ སོགས་ ནི་ ཐེངས་ འདིའི་ གྲོས་ ཚོགས་ ཀྱི་ གྲོས་ གཞི་ གཙོ་ བོ་ རེད།
ཚོགས་ ཡུན་ ཉིན་ གཉིས་ ཡིན་ པའི་ མཐོ་ རིམ་ གྲོས་ ཚོགས་ ནི་ ད་ ལོའི་ མཐོ་ རིམ་ གྲོས་ ཚོགས་ ཐེངས་ སྔོན་ མ་ གཉིས་ ལ་ སྤྱི་ བསྡོམས་ བྱེད་ པ་ དང་། རྗེས་ ནས་ སྤེལ་ རྒྱུ་ ཡིན་ པའི་ པུའུ་ ཀྲང་ རིམ་ པའི་ གྲོས་ ཚོགས་ དང་ མགོ་ ཁྲིད་ པའི་ དངོས་ གཞི་ མིན་ པའི་ གྲོས་ ཚོགས་ ལ་ གྲ་ སྒྲིག་ བྱེད་ པའི་ ཆེད་ དུ་ བསྡུས་ པ་ རེད། མཐོ་ རིམ་ གྲོས་ ཚོགས་ ནི་ ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ མཐུན་ སྦྱོར་ ལས་ ཁུངས་ ཡིན་ ཞིང་། ལོ་ ཚོགས་ ཀྱི་ གཙོ་ གཉེར་ རྒྱལ་ ཁབ་ ཀྱིས་ འགན་ ཁུར་ ཏེ་ ལོ་ རེར་ གྲོས་ ཚོགས་ ཐེངས་ གསུམ་ ནས་ བཞི་ ལ་ བསྡུ་ བཞིན་ ཡོད། སྤྱིར་ བཏང་ དུ་ ཁོངས་ གཏོགས་ རྒྱལ་ ཁབ་ སོ་ སོའི་ པུའུ་ ཀྲང་ གཞོན་ པའི་ རིམ་ པ་ དང་། ཟི་ དང་ ཅུའུ་ རིམ་ པ། གཞུང་ ཚབ་ པའི་ རིམ་ པ་ བཅས་ ཀྱི་ དཔོན་ རིགས་ གྲོས་ ཚོགས་ ལ་ ཞུགས་ དགོས།
ད་ ལོར་ ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ ཉོ་ ཚོང་ མཉམ་ ལས་ རྩ་ འཛུགས་ ཀྱི་ གྲོས་ ཚོགས་ རབ་ དང་ རིམ་ པའི་ བརྗོད་ སྙིང་ ནི་ རྒྱུན་ མཐུད་ འཕེལ་ རྒྱས་ ལ་ སྐུལ་ འདེད་ གཏོང་ བ་ དང་། ས་ ཁོངས་ ཀྱི་ འབྲེལ་ འདྲིས་ ཇེ་ ཟབ་ ཏུ་ གཏོང་ བ་ དེ་ རེད། ཚེས་ བརྒྱད་ ཉིན་ ནས་ ཚེས་ བཅོ་ ལྔའི་ ཉིན་ བར་ གྱི་ གྲོས་ ཚོགས་ གཟའ་ འཁོར་ སྐབས་ སུ། ད་ རུང་ ཕྱི་ འབྲེལ་ དང་ ཉོ་ ཚོང་ གི་ པུའུ་ ཀྲང་ གྲོས་ ཚོགས་ དང་ ནོར་ སྲིད་ པུའུ་ ཀྲང་ གྲོས་ ཚོགས། བཟོ་ ཚོང་ བློ་ འདྲི་ ལས་ འཛིན་ ལྷན་ ཚོགས། ཁེ་ ལས་ ཆུང་ འབྲིང་ གི་ མཐོ་ རིམ་ གྲོས་ ཚོགས། བཟོ་ ཚོང་ མགོ་ ཁྲིད་ པའི་ མཐོ་ རིམ་ གྲོས་ ཚོགས་ སོགས་ བསྡུ་ རྒྱུ་ རེད། ད་ ལོ་ ནི་ ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ བཙུགས་ ནས་ ལོ་ ངོ་ ཉི་ ཤུ་ འགོར་ བའི་ ལོ་ ཡིན་ པས། གྲོས་ ཚོགས་ གཟའ་ འཁོར་ སྐབས་ སུ་ ད་ རུང་ མཐོ་ རིམ་ གླེང་ སྟེགས་ སྤེལ་ ཏེ། ཨེ་ ཤ་ ཡཱ་ དང་ ཞི་ བདེ་ རྒྱ་ མཚོ་ ཆེན་ མོའི་ དཔལ་ འབྱོར་ མཉམ་ ལས་ རྩ་ འཛུགས་ ཀྱི་ འཕེལ་ རྒྱས་ བརྒྱུད་ རིམ་ ལ་ ཕྱིར་ དྲན་ དང་ མ་ འོངས་ པའི་ འགྲན་ རྩོད་ ཇི་ ལྟར་ ཐག་ གཅོད་ པའི་ ཐད་ གྲོས་ བསྡུར་ བྱེད་ རྒྱུ་ རེད།།