ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཐུར་ཁེའི་དམག་དོན་ལྟ་ཞིབ་ཁང་ལ་འཇབ་རྒོལ་ཐེབས་པའི་ཐད་ནས་སི་རི་ཡཱ་ལ་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་བཞིའི་ཉིན་ཉེན་བརྡ་བཏང་སྟེ། གལ་ཏེ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་ཐུར་ཁེའི་དམག་ཕྱོགས་ཀྱི་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་ཡོད་པའི་ལྟ་ཞིབ་ཁང་ལ་འཇབ་རྒོལ་བྱས་ན། ཐུར་ཁེ་ཁ་རོག་ལ་འདུག་མི་སྲིད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་དབྱི་སི་ཐན་པོར་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མུ་མཐུད་དུ་མེ་སྒྱོགས་བཀོལ་ནས་ས་ཁུལ་དེར་དཔུང་འཇུག་བྱེད་པར་ཀུ་ཡངས་གཏོང་མི་རུང་བ་དང་། ང་ཚོ་ཡང་ཁ་རོག་ལ་སྡོད་མི་སྲིད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ད་རུང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་མན་པུས་ཅི་གནད་དོན་ཐད་ནས་བཀོད་པའི་གྲོས་མཐུན་དངོས་འབེབ་མ་བྱས་པས། ཐུར་ཁེ་ཡིས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་དེ་མན་པུས་ཅི་ནས་མཐར་སྐྲོད་གཏོང་བའི་རེ་བ་སྟོང་ཟད་དུ་བཏང་བར་སྐྱོན་འཛུགས་བྱས། ཁོས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མཐུན་ལག་བསྟར་མ་བྱས་པ་ལས་ཐུར་ཁེ་ཕྱོགས་ཀྱིས་མན་པུས་ཅི་སོགས་ས་ཁུལ་བསྐྱུར་བའི་མཚོན་རྟགས་མིན་པ་དང་། ཐུར་ཁེ་ཕྱོགས་ཀྱིས་སྔར་ནས་གཏན་འཁེལ་བྱས་པའི་འཆར་གཞི་རྒྱུན་འཁྱོངས་བྱེད་ངེས་ཡིན་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་སི་རི་ཡཱའི་དབྱི་ཏི་ལེ་པུའུ་ཞིང་ཆེན་དུ་ཡོད་པའི་ལྟ་ཞིབ་ཁང་ཞིག་ལ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། ཐུར་ཁེའི་དམག་མི་གསུམ་ལ་རྨས་ཡང་མོ་ཕོག་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།