ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཨར་ཏའོ་ཝའི་ལྟ་སྐྱོང་ཙུང་ལི་ཡིས་སྲིད་གཞུང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཨར་ཏའོ་ཝའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཧྥེ་ལེ་ཕུའུ་ཡིས་ཚེས་བཅུ་བཞིའི་ཉིན་སྲིད་གཞུང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱས་པ་ཁྱབ་སྒྲོག་བྱས། 

བསྒྲགས་པ་ལྟར་ན། ཧྥེ་ལེ་ཕུའུ་ནི་མའོ་ཨར་ཏའོ་ཝའི་དམངས་གཙོ་ཏང་ཡིས་སྲིད་འཛིན་དབང་ཆ་བསྐྱུར་རྒྱུ་ཐག་བཅད་རྗེས་ནེ་ཀིའི་ཁོངས་མི་ཚང་མའི་སྣེ་ཁྲིད་དེ་ལས་ཁུར་དགོངས་ཞུ་བྱས་པ་ཡིན་ཟེར། 

ཉིན་དེའི་སྔ་དྲོར། མའོ་ཨར་ཏའོ་ཝའི་དམངས་གཙོ་ཏང་གི་ཀྲུའུ་ཞི་གཞོན་པ་ཆེ་པའོ་ཐཱ་ལི་ཡིས་ཁྱབ་སྒྲོག་བྱས་དོན། མིག་སྔའི་གནས་བབ་ལ་དམིགས་ཏེ། དམངས་གཙོ་ཏང་གིས་ཧྥེ་ལེ་ཕུའུ་སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱེད་པའི་ཐབས་ཀྱིས་སྲིད་འཛིན་དབང་ཆ་བསྐྱུར་རྒྱུ་ཐག་བཅད་པ་ཡིན་ཟེར། ཁོས་བསྟན་དོན། དམངས་གཙོ་ཏང་གི་ཆོད་དོན་དེས་རྒྱལ་ཁབ་ཀྱི་མདུན་དུ་ལྷགས་པའི་ཆབ་སྲིད་ཛ་དྲག་གནས་བབ་དང་སྒྲིག་ལུགས་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་དང་། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་ནི་སྔ་སྣུར་གྱིས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་དེ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།