ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་ཡེ་མིན་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་ལྔ་སར་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། སོ་ཏི་ཨ་རབ་མཁའ་སྲུང་དམག་དཔུང་གིས་ཡེ་མིན་དུ་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་ལྔ་བཀག་ནས་སར་འཕངས་ཟེར། ཡེ་མིན་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་བདེན་དཔང་བྱས། 

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མི་བསྡད་མེད་པའི་གནམ་གྲུ་ལྔ་བས་སོ་ཏི་ཨ་རབ་ལྷོ་ནུབ་ཕྱོགས་ཀྱི་ཨ་ཞི་ཨར་ཞིང་ཆེན་གྱི་ཨེ་པུའུ་ཧཱ་གྲོང་ཁྱེར་རྒྱལ་སྤྱིའི་གནམ་གྲུ་ཐང་དང་ཧེ་མུས་སི་མུའུ་ཞེ་ཐི་གྲོང་ཁྱེར་དུ་འཇབ་རྒོལ་བྱེད་རྩིས་ཡོད་ཟེར། 

ཐུའུ་ཨར་ཅི་ཡིས་བཤད་རྒྱུར། མིག་སྔར་གནམ་གྲུ་ཐང་དེའི་འཁོར་བསྐྱོད་རྒྱུན་ལྡན་ཡིན་པ་དང་། གནམ་གྲུའི་གཏོང་ཐེངས་ལ་འགོར་འགྱངས་བྱས་པའི་སྣང་ཚུལ་ཅི་ཡང་མེད་ཟེར། ཁོས་ནན་གྱིས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་རིགས་མཐུན་གྱི་དགྲར་འཛིན་བྱ་སྤྱོད་ལ་འཇིགས་སྐུལ་གྱི་བྱེད་ཐབས་སྤྱོད་རྒྱུ་ནན་བཤད་བྱས། 

ཧུའུ་སེ་དྲག་ཆས་པས་ཉིན་དེར་བསྟན་དོན། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་སྔ་ཉིན་ཡེ་མིན་དུ་བར་སྣང་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་པའི་ཆེད་ཡིན་ཟེར། རྒྱལ་ས་སཱ་ནཱ་དང་བཅས་པའི་ཡེ་མིན་གྱི་ས་ཁུལ་མང་བོར་ཚེས་བཅུ་གསུམ་ཉིན་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།