ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་དམག་ཕྱོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་ལྐོག་འདྲེན་གྲུ་གཟིངས་ཤིག་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་ཉེ་འདབས་ཀྱི་མཚོ་ཁོངས་ནས་སི་རི་ཡཱའི་ཡུལ་གྱར་བ་ལྐོག་འདྲེན་བྱེད་པའི་གྲུ་གཟིངས་ཤིག་རྩད་ཆོད་པ་དང་། གྲུ་སྟེང་གི་སི་རི་ཡཱའི་ཡུལ་གྱར་བ་བཅུ་བོ་བཀག་འཇུག་བྱས་ཟེར། ལེ་པཱ་ནུན་དམག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ལྐོག་འདྲེན་གྲུ་གཟིངས་དེ་ལེ་པཱ་ནུན་བྱང་ཕྱོགས་ཀྱི་ཏི་ལེ་པའོ་ལི་ཉེ་འདབས་ནས་ལམ་དུ་ཆས་པ་ཡིན་ལ། རྒྱ་མཚོའི་འགྲམ་དང་སྤྱི་ལེ་ལྔ་ལྷག་ཡོད་པའི་གནས་ནས་བཀག་པ་རེད། གྲུ་སྟེང་གི་སི་རི་ཡཱའི་ཡུལ་གྱར་བ་ཚང་མ་སྐྱེས་པ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དམག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཉེ་བའི་དུས་སྐབས་ཤིག་གི་ཚུན་ལ། ལེ་པཱ་ནུན་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཡུལ་གྱར་བ་ལྐོག་འདྲེན་བྱེད་པའི་དོན་རྐྱེན་མང་དུ་བྱུང་། ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་སི་རི་ཡཱའི་ཡུལ་གྱར་བ་བརྒྱད་བསྡད་ཡོད་པའི་ལྐོག་འདྲེན་གྲུ་གཟིངས་ཤིག་ལེ་པཱ་ནུན་བྱང་ཕྱོགས་ཀྱི་ཧྲི་ཁཱ་མཁར་གྲོང་ཉེ་འདབས་ཀྱི་ས་དཀྱིལ་མཚོ་ཁོངས་ནས་རྒྱ་མཚོར་ནུབ་ཏེ། མི་ལྔ་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།