ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གིས་བཟོས་པའི་མངའ་ཁོངས་བརྒལ་བའི་ས་འོག་སྦུག་ལམ་ཞིག་གཏོར་བ་ཁྱབ་སྒྲོག་བྱས།

    སྤེལ་དུས། : 2019-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ལས་པའི་ལེ་པཱ་ནུན་ལྷོ་ཕྱོགས་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཐེན་པའི་ས་འོག་སྦུག་ལམ་གཙོ་བོ་ཞིག་གཏོར་བཤིག་བཏང་ཟེར། 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ས་འོག་སྦུག་ལམ་དེ་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ལཱ་མུའུ་ཡེ་སྡེ་བ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཐེན་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ་ངོ་འགའི་རིང་རྟོག་ཞིབ་བྱས་རྗེས། ས་འོག་སྦུག་ལམ་དེ་གཏོར་བ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་བཟོས་པའི་ས་འོག་སྦུག་ལམ་གཙོ་བོ་ཞིག་ཡིན་པ་དང་། ཀྲིན་ཀྲུའུ་ཏང་གིས་དེའི་ཆེད་དུ་མི་ཤུགས་དང་རྒྱུ་ཤུགས་མང་བོ་བཀོལ་ཡོད་པ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།