ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལཱ་ཝེའི་བསྟུད་འགན་ཁུར་བའི་ཙུང་ཐུང་མུའུ་ཐཱ་ལི་ཁཱ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བདེ་བླག་ངང་བསྟུད་འགན་ཁུར་བའི་མཱ་ལཱ་ཝེའི་ཙུང་ཐུང་མུའུ་ཐཱ་ལི་ཁཱ་ཡིས་ཚེས་ཉེར་བརྒྱད་ཉིན་དཔལ་འབྱོར་གྱི་རྒྱལ་ས་པུའུ་ལན་ཐེ་ཨར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ལོ་ལྔའི་འགན་ཡུན་གསར་བ་མགོ་བརྩམས་པ་རེད། 

མུའུ་ཐཱ་ལི་ཁཱ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་སྐབས་རྒྱལ་དམངས་དག་གིས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ཐེངས་འདིའི་འདེམ་བསྐོ་ལས་མཱ་ལཱ་ཝེའི་མི་དམངས་ཀྱི་རེ་འདོན་མཚོན་ཡོད་པ་དང་། ཁོར་རྒྱལ་ཁ་ཐོབ་པ་ནི་མི་དམངས་ཀྱི་རྒྱལ་ཁ་ཡིན་ཟེར། ཁོས་ད་རུང་ཕྱོགས་ཁག་སོ་སོས་འདེམ་བསྐོའི་མཇུག་འབྲས་དང་ལེན་བྱེད་དགོས་པའི་སྐུལ་མ་བཏང་། 

མུའུ་ཐཱ་ལི་ཁཱ་ཡི་འགྲན་ཡ་ཆི་མུའུ་ལེ་ལོན་ཅི་ཡིས་ཉིན་དེར་དམ་བཅའ་བཞག་སྟེ་མཱ་ལཱ་ཝེའི་ཙུང་ཐུང་གཞོན་པའི་ལས་འགན་ཁུར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།