ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་མཐའ་མཚམས་མཁར་གྲོང་དུ་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་བདེ་འཇགས་དཔོན་པོས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་སི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་ཅཱ་དབྱེ་མུའུ་གྲོང་རྡལ་དུ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག་ཟེར། 

ཨན་པཱ་ཨར་ཞིང་ཆེན་གྱི་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་དམག་དཔོན་མཱ་ཙི་ལུའུ་དབྱེ་ཡིས་བཤད་རྒྱུར། ཉིན་དེར་ཅཱ་དབྱེ་མུའུ་གྲོང་རྡལ་གྱི་རླངས་འཁོར་འཇོག་ས་ཞིག་ནས་འགད་རྫས་སྒྲིག་སྦྱོར་བྱས་ཡོད་པའི་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ། མི་སེར་དཀྱུས་གཅིག་དང་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག འགས་གཏོར་དེ་ལས་ཉེ་འཁོར་གྱི་རླངས་འཁོར་དང་ཁང་བར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ཟེར། དབྱི་རག་གི་བདེ་འཇགས་མི་སྣས་དོན་རྐྱེན་བྱུང་སའི་ཡུལ་དངོས་བཀག་སྡོམ་བྱས་ཡོད། 

མིག་སྔར། རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས་མེད་ཀྱང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སྔོན་ཆད་དུས་རྒྱུན་དུ་དབྱི་རག་གི་མངའ་ཁོངས་ནས་རིགས་དེ་མཚུངས་ཀྱི་འཇབ་རྒོལ་དོན་རྐྱེན་བཟོས་མྱོང་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།