ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་གཙང་ཕྱགས་འགུལ་སྐྱོད་ཁྲོད་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་དམག་དཔུང་གིས་ཚེས་ཉི་ཤུའི་ཉིན་གཙང་ཕྱགས་འགུལ་སྐྱོད་སྤེལ་སྐབས་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་པ་དང་། སྦས་སྐོང་བྱེད་ས་བཅུ་གསུམ་དང་འགད་རྫས་ལས་སྣོན་བྱེད་ས་གཉིས་ལ་གཏོར་བཤིག་བཏང་བར་མ་ཟད། འགད་རྫས་སྒྲིག་ཆས་སྐོར་ཞིག་གཞུང་བཞེས་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།