ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ཞེ་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ཞེ་གཉིས་བསད་ཟེར། 

ཅཱ་ཙི་ནེ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ནོའུ་ལི་ཡིས་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བར་སྣང་སྟོབས་ཤུགས་ཀྱི་རོགས་འདེགས་འོག ཞིང་ཆེན་དེའི་མངའ་ཁོངས་ཀྱི་ཐཱ་ལེ་པན་གྱི་སྦས་སྐོང་བྱེད་ས་གཉིས་ལ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་ཞེ་གཉིས་བསད་པ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། 

ནོའུ་ལི་ཡིས་ད་རུང་བཤད་རྒྱུར། ས་དེའི་ཐཱ་ལེ་པན་གྱི་མགོ་བ་དང་རྒྱལ་ཁབ་གཞན་པའི་དྲག་ཆས་ཉེས་ཅན་དྲུག་བསད་ཟེར་ཡང་། ཁོས་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་དེ་དག་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་བརྗོད་མེད་ལ། བདེ་འཇགས་དམག་དཔུང་ཕྱོགས་ཀྱི་ཤི་རྨས་ཐེབས་པའི་གནས་ཚུལ་ཡང་གསལ་བོར་བསྒྲགས་མེད། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་མིག་སྔར་ད་རུང་དོན་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།