ཧུའུ་སེ་དྲག་ཆས་པས་ཡེ་མིན་ལྷོ་ཕྱོགས་ས་ཁུལ་ནས་མི་སེར་དཀྱུས་མ་དྲུག་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་གིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་ཡེ་མིན་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་གྱི་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་ཏཱ་ལེ་ཨ་ཞིང་ཆེན་ནུབ་ཕྱོགས་ཀྱི་ཅཱ་ཐེ་པེད་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེངས་འགའ་བྱས་ཏེ། ཁྱིམ་ཚང་གཅིག་གི་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་བཞི་ཡོད། མེ་སྒྱོགས་གཏོང་འཕེན་བྱས་པ་ལས་ད་རུང་མི་བཞིར་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།