མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཕྱོགས་སོ་སོས་མཉམ་ལས་བྱས་ཏེ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་བ་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་ཅཱ་ཧྲ་ས་ཁུལ་ནས་འབྲེལ་ཡོད་ཕྱོགས་སོ་སོས་འབད་བརྩོན་བྱས་ཏེ། མིག་སྔའི་འཁྲུག་རྩོད་མཚམས་འཇོག་པའི་རྣམ་པ་སྲ་བརྟན་དུ་བཏང་ནས། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། 

མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་དང་ཨེ་ཅིབ། དབྱི་སི་རལ་བཅས་འདུས་པའི་མི་ཚང་མའི་བར་མཉམ་ལས་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་པའི་འཚོ་བ་ལེགས་བཅོས་བྱས་ནས་ཁོ་ཚོར་སྔར་ལས་བཟང་བའི་མ་འོངས་པར་རེ་བས་ཁེངས་སུ་འཇུག་དགོས་ཟེར། 

མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ཀྱི་དཀའ་སྡུག་ཞི་འཇགས་སུ་གཏོང་བའི་ཐད་བསྒྲུབས་པའི་བྱ་བའི་གནས་བབ་བཟང་བ་དང་། མུ་མཐུད་དུ་ཕྱོགས་སོ་སོའི་བར་མཉམ་ལས་བྱས་ཏེ། གནས་བབ་མུ་མཐུད་དུ་ཞི་འཇགས་སུ་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་ལས་གཞི་ཚང་མ་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ང་ཚོའི་དམིགས་འབེན་ནི་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་རྒྱུ་དེ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།