ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་སྒར་ས་ཆེན་མོའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་བར་མཚམས་བར་དཔུང་འཇུག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190513084743oC2q.jpg

འདི་ནི་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་པར་བླངས་པའི་སི་རི་ཡཱའི་ཧཱ་མཱ་ཞིང་ཆེན་བར་མཚམས་ཀྱི་ནཱ་པུའུ་ཏི་སྡེ་བའི་ཞིག་རོར་གྱུར་བའི་ཁང་བའི་རྣམ་པ་རེད། 

20190513084723xqcd.jpg

འདི་ནི་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་པར་བླངས་པའི་སི་རི་ཡཱའི་ཧཱ་མཱ་ཞིང་ཆེན་བར་མཚམས་ཀྱི་ནཱ་པུའུ་ཏི་སྡེ་བའི་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་དམག་མི་རེད། 

20190513084655HBS2.jpg

འདི་ནི་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་པར་བླངས་པའི་སི་རི་ཡཱའི་ཧཱ་མཱ་ཞིང་ཆེན་བར་མཚམས་ཀྱི་ནཱ་པུའུ་ཏི་སྡེ་བའི་ཞིག་རོར་གྱུར་བའི་ཁང་བའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་སྦས་སྐོང་བྱེད་ས་མང་བོ་ཕྱིར་འཕྲོག་ལེན་བྱས་པ་དང་། འཐབ་ཡུལ་དེ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་སྒར་ས་ཆེན་མོའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་བར་མཚམས་དུ་བསླེབ་ཡོད་ཟེར། 

བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་ཧཱ་མཱ་ཞིང་ཆེན་དང་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་འབྲེལ་མཚམས་ས་ཁུལ་དུ་དབང་བསྡུའི་འཐབ་ཕྱོགས་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམག་དོན་ཆམ་ཕབ་བྱ་འགུལ་སྤེལ་ཏེ། ཨ་ལི་མེད་ཧི་དང་མུས་ཏན་ཀའེ་ཀྲ་ལའེ་སོགས་སྡེ་བ་དང་གྲོང་རྡལ་ཕྱིར་འཕྲོག་ལེན་བྱས་པར་མ་ཟད། ཞིང་ཆེན་གཉིས་ཀྱི་བར་མཚམས་ས་ཁུལ་དུ་དཔུང་འཇུག་བྱེད་བཞིན་ཡོད། དེའི་རྗེས་སུ་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལྷོ་ཕྱོགས་ཀྱི་ཧན་ཞེ་ཧོང་གྲོང་རྡལ་གྱི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

བསྟུད་མར་ཉིན་འགའི་རིང་ལ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལྷོ་ཕྱོགས་དང་ཧཱ་མཱ་ཞིང་ཆེན་བྱང་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་ཚབ་ཆེན་དུ་གྱུར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།