ཀྲུང་གོ་བོད་ཀྱི་དྲ་བ།

པུ་ཁི་ནཱ་ཧྥ་སོ་ཡི་ཆོས་ཁང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུ་ཁི་ནཱ་ཧྥ་སོའི་བདེ་འཇགས་སྡེ་ཁག་གི་མི་སྣས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། པུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ཀྱི་སིང་མཱ་ཐིན་ཅཱ་ཞིང་ཆེན་གྱི་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་ཞིག་ནས་ཉིན་དེར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པ་སྐོར་ཞིག་ཉིན་དེའི་སྔ་དྲོར་ཆོས་ཁང་དུ་ཡོང་ནས། ཆོས་ལུགས་བྱ་འགུལ་ལ་ཞུགས་པའི་མི་ཚོགས་ལ་མེ་མདས་བརྒྱབ་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཆོས་དཔོན་ཞིག་འདུས། དྲག་ཆས་མི་སྣས་དེའི་རྗེས་སུ་ཆོས་ཁང་དང་དེའི་ཉེ་འཁོར་གྱི་ཚོང་ཁང་སོགས་མེར་བཏང་བ་རེད། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།