ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅོ་བརྒྱད་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཀྲུའུ་པཱ་ལན་ས་ཁུལ་གྱི་དྲག་ཆས་དམག་དཔུང་གིས་ཚེས་དགུའི་ཉིན་བཤད་རྒྱུར། ས་ཁུལ་དེའི་དམག་དཔུང་དང་སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཀྲུའུ་པཱ་ལན་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་སྟེ། དྲག་ཆས་ཉེས་ཅན་བཅོ་བརྒྱད་བསད་ཟེར། 

ཀྲུའུ་པཱ་ལན་ས་ཁུལ་གྱི་དྲག་ཆས་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཧྥ་ལཱ་ཧི་ཡིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་དམག་དཔུང་ལ་ཚེས་བརྒྱད་ཉིན་ན་གཞོན་ཏང་ཞེས་པའི་ལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པས་ཀྲུའུ་པཱ་ལན་ས་ཁུལ་གྱི་གྲོང་རྡལ་ཆུང་བ་ཞིག་ཏུ་གྲོས་ཚོགས་སྤེལ་བའི་གསང་འཕྲིན་འབྱོར་བ་དང་། དེའི་རྗེས་སུ་སྲིད་གཞུང་དམག་དཔུང་བར་མཉམ་འབྲེལ་བྱས་ཏེ་ན་གཞོན་ཏང་གི་སྦས་སྐོང་བྱེད་སར་ཆམ་ཕབ་བཏང་སྟེ་རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་བཅོ་བརྒྱད་བསད་པ་ཡིན་ཟེར། 

གཞན་ཡང་ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་དམག་སྤྱི་པུའུ་ཡིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་བ་ལྟར་ན། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་གཞོགས་འདེགས་འོག ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བརྒྱད་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སོ་མཱ་ལིའི་བྱང་ཕྱོགས་ཀྱི་ཧྥ་ལེ་སི་རི་ཁུལ་གྱི་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་གསུམ་བསད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།