ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་ས་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་དགུ་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་ཤར་ངོས་ཀྱི་སཱ་ཏི་ཨར་མཁར་ནས་ཉིན་དེའི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག་ཡོད་ཟེར། 

པཱ་ཀ་ཏཱའི་ཉེན་རྟོག་དཔོན་པོ་ཨ་ལི་ཡིས་གསར་འགོད་པར་བཤད་རྒྱུར། རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་མཁན་ཞིག་གིས་ཚེས་དགུ་ཉིན་གྱི་དགོང་མོར་སཱ་ཏི་ཨར་མཁར་གྱི་ཚོང་ར་ཞིག་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་དང་། མིག་སྔར་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཉིས་ལ་རྨས་ཕོག་ཡོད་ཟེར། 

རྒྱལ་སའི་བདེ་སྲུང་བྱ་བའི་འགན་ཁུར་བའི་པཱ་ཀ་ཏཱའི་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་གསལ་སྒྲོག་ནང་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བདེན་དཔང་བྱས་ཀྱང་། ནང་དོན་ཞིབ་མོར་བསྒྲགས་མེད། 

རྒྱུས་ལོན་བྱུང་བ་ལྟར་ན། སྨྱུང་གནས་ཟླ་བ་ཡིན་པའི་དབང་གིས་འཇབ་རྒོལ་དོན་རྐྱེན་བྱུང་སྐབས་ཚོང་རའི་ནང་དུ་ཉིན་གཅིག་གི་སྨྱུང་གནས་མཇུག་སྒྲིལ་བའི་མང་ཚོགས་མང་བོ་འདུས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།