ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དང་ཨ་མེ་རི་ཁའི་ཏའོ་ཧཱའི་སྐོར་ཐེངས་དྲུག་པའི་གྲོས་མོལ་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དང་ཨ་མེ་རི་ཁས་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྤེལ་བའི་སྐོར་ཐེངས་དྲུག་པའི་གྲོས་མོལ་ཚེས་དགུའི་ཉིན་མཇུག་སྒྲིལ། 

ཕྱོགས་གཉིས་ཀྱིས་གྲོས་མོལ་མཇུག་སྒྲིལ་རྗེས། ཐཱ་ལེ་པན་ཆབ་སྲིད་ཅུའི་མགྲིན་ཚབ་པ་ཧྲ་ཞིན་གྱིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། སྐོར་ཐེངས་འདིའི་གྲོས་མོལ་ནས་སྐོར་ཐེངས་རྗེས་མའི་གྲོས་མོལ་གྲོས་མཐུན་ལ་གྲ་སྒྲིག་བྱེད་པར་བྲིས་པའི་ནང་དོན་རེ་འགར་གྲུབ་འབྲས་བླངས་ཡོད་ཟེར། ཕྱོགས་གཉིས་ཀྱིས་རང་རང་གི་མགོ་ཁྲིད་པར་སྙན་ཞུ་བྱས་ཏེ་ནང་ཁུལ་ནས་གྲོས་མོལ་བྱས་རྗེས་སྐོར་ཐེངས་རྗེས་མའི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།