ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཞི་བདེའི་བྱ་དགའ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་པུའུ་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨ་པུས་ལ་ཉིས་སྟོང་བཅུ་དགུ་ལོའི་ཧྥེ་ལེ་ཁི་སི་ཝུའུ་ཧྥོ་ཨེ་པའོ་ཝ་ནེའི་ཞི་བདེའི་བྱ་དགའ་བྱིན་ནས། ཁོས་ས་ཁུལ་གྱི་ཞི་བདེའི་ཐད་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་བྱེད་རྒྱུ་ཐག་བཅད།

ལོ་འདིའི་ཞི་བདེའི་བྱ་དགའི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གིས་ཨ་པུས་ཀྱིས་དམངས་གཙོ་དང་སྤྱི་ཚོགས་ཀྱི་འདྲིལ་ཤུགས་སྲ་བརྟན་དུ་གཏོང་བའི་ཐད་སྤེལ་བའི་བཅོས་བསྒྱུར་ལ་ཁས་ལེན་བྱས་པ་དང་། ཁྱད་པར་དུ་ཁོས་ཨེ་ཙེ་ཨོ་ཕི་ཡཱ་དང་ཨིག་ལི་ཐི་ལི་ཡཱའི་བར་ཞི་བདེའི་གྲོས་མཐུན་འགོད་པའི་ཐད་བཞག་པའི་འབུར་ཐོན་བྱས་རྗེས་ལ་སྐུལ་འདེད་བཏང་བར་ཁས་ལེན་བྱས། དཔྱད་འདེམ་ཨུ་ཡོན་ལྷ་ཁང་གིས་བྱ་དགའ་དེས་ཨ་པུས་ཀྱིས་མུ་མཐུད་དུ་ས་ཁུལ་དང་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོ་ནས་ཞི་བདེའི་རིག་གནས་ལ་སྐུལ་འདེད་གཏོང་བར་སྐུལ་མ་གཏོང་ཐུབ་པའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།