ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སཱ་ཧཱ་ལཱ་ནུབ་མའི་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་གྲོས་ཆོད་གཉིས་བཞི་དྲུག་བརྒྱད་ལ་གྲོས་མཐུན་བཀོད་པ་དང་། གྲོས་ཆོད་དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སཱ་ཧཱ་ལཱ་ནུབ་མའི་དམངས་ཡོངས་ཀྱི་འདེམ་ཤོག་འཕེན་པའི་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔའི་ཁྲོད་བཅུ་གསུམ་གྱིས་འདེམ་ཤོག་འཕངས་ནས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་པ་དང་། ཨུ་རུ་སི་དང་ཨ་ཧྥེ་རི་ཁ་ལྷོ་མས་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་རེད། 

གྲོས་ཆོད་ལས་སཱ་ཧཱ་ལཱ་ནུབ་མའི་གནད་དོན་ཐད་ནས་དངོས་ཡོད་དང་མཐུན་ཞིང་ལག་བསྟར་བྱེད་རུང་བ་དང་། ཡུན་རིང་བའི་ཆབ་སྲིད་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱས་ཏེ། ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགོ་འཛིན་འོག ཆ་རྐྱེན་ཅི་ཡང་མེད་ཅིང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གྲོས་མོལ་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏངབ་། གྲོས་ཆོད་ལས་ཕྱོགས་སོ་སོས་ཆབ་སྲིད་ཀྱི་རེ་འདུན་མངོན་པར་བྱས་ཏེ་འོས་འཚམ་གྱི་གྲོས་མོལ་སྣང་ཚུལ་བསྐྲུན་དགོས་པའི་སྐུལ་མ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སཱ་ཧཱ་ལཱ་ནུབ་མའི་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བར་ལོ་ཕྱེད་ཀྱིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།