ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་གསུམ་ཉིན་དྲ་ཐོག་ཏུ་གནས་ཚུལ་སྤེལ་ཏེ། ཨུ་རུ་སིའི་བདེ་འཇགས་ལས་ཁུངས་ཀྱིས་ཉེ་སྔོན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཡན་ལག་ཁོངས་མི་ལྔ་འཛིན་བཟུང་བྱས་ཟེར། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའི་ནང་སྲིད་པུའུ་ཡིས་ཉེ་སྔོན་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་མཱ་ཧཱ་ཆི་ཁཱ་ལཱ་གྲོང་ཁྱེར་དང་ཁྲེ་ཁྲིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་ཀི་ལོ་ཙི་ནེ་མངའ་ཁོངས་ནས་འཇིགས་སྐུལ་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས། དོགས་ཡོད་ཉེས་ཅན་དག་གིས་རང་བཟོས་འགད་གཏོར་སྒྲིག་ཆས་བཀོལ་ནས་ཀི་ལོ་ཙི་ནེ་གྲོང་ཁྱེར་དང་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁཱ་སི་ཕིས་སི་ཁི་གྲོང་ཁྱེར་གྱི་ཁྲིམས་འཛིན་མི་སྣར་འཇབ་རྒོལ་བྱེད་རྩིས་ཡོད་པ་རེད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། བདེ་འཇགས་མི་སྣས་འཛིན་བཟུང་འགུལ་སྐྱོད་ཁྲོད་མཚོན་ཆ་དང་འགས་གཏོར་སྒྲིག་ཆས་སྐོར་ཞིག་གཞུང་བཞེས་བྱས། ཡིན་ཡང་འཛིན་བཟུང་འགུལ་སྐྱོད་དེ་སྤེལ་བའི་བྱེ་བྲག་གི་དུས་ཚོད་ཁྱབ་སྒྲོག་བྱས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།