ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་ཚེས་ཉེར་ལྔ་ཉིན་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གཉིས་ཀྱིས་ཟླ་འདིའི་ཚེས་ཉེར་ལྔ་ཉིན་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཐེངས་འདིར་ཨུ་རུ་སི་ལ་འཚམས་འདྲི་བྱེད་པ་ནི་ཅིན་ཀྲིན་ཨིན་ད་ལོར་ཡང་བསྐྱར་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དུ་བསྐོ་འཇོག་བྱས་རྗེས་ཐོག་དང་པོར་རྒྱལ་ཁབ་གཞན་པར་འཚམས་འདྲི་བྱས་པ་ཡིན་ལ། ཅིན་ཀྲིན་ཨིན་གྱིས་ཉིས་སྟོང་བཅུ་གཅིག་ལོར་སྲིད་བཟུང་བའི་ཚུན་ལ་ཐོག་དང་པོར་ཨུ་རུ་སིའི་ཙུང་ཐུང་དང་གྲོས་མོལ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།