ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལིའི་དམག་སྒར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར། མཱ་ལིའི་དབུས་ཕྱོགས་ཀྱི་དམག་སྒར་ཞིག་ཏུ་ཚེས་ཉེར་གཅིག་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མཱ་ལིའི་དམག་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར། 

གནས་ཚུལ་ཤེས་མཁན་གྱི་མི་སྒེར་ཞིག་གིས་ཚེས་ཉེར་གཅིག་ཉིན་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་མཱ་ལིའི་དམག་སྒར་དེ་རྒྱལ་ས་པཱ་མཱ་ཁི་དང་བར་ཐག་སྤྱི་ལེ་བཞི་བརྒྱ་ཡོད་པའི་ཅི་ལོས་གྲོང་རྡལ་དུ་གནས་པ་དང་། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་མཚོན་ཆ་ཆེ་གྲས་བཀོལ་ནས་དམག་སྒར་ལ་འཇབ་རྒོལ་བྱས་པ་ཡིན་ལ། རླངས་འཁོར་རེ་འགའ་འཕྲོག་རྗེས་དམག་སྒར་མེར་བསྲེག་པ་རེད་ཟེར། 

མིང་བཤད་མི་འདོད་པའི་མཱ་ལིའི་རྒྱལ་སྲུང་པུའུ་ཡི་མི་སྣ་ཞིག་གིས་བཤད་རྒྱུར། མཱ་ལིའི་དམག་ཕྱོགས་དང་འཇབ་རྒོལ་མཁན་བར་འཁྲུག་རྩོད་དྲག་པོ་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།