ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་དང་ཨུ་རུ་སི་ཡིས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་ཉི་ཤུའི་ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ལི་གཞོན་པ་པའོ་ལི་སོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཙོ་བོ་ཁྱབ་ཁོངས་སོ་སོའི་ཕྱོགས་གཉིས་ཀྱི་མཉམ་ལས་དང་དེའི་སྔོན་བཀོད་པའི་ནུས་ཁུངས། བཟོ་ལས། ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་གྲོས་མཐུན་དངོས་འབེབ་བྱས་པའི་གནས་ཚུལ་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། པཱ་ཧྲ་ཨར་དང་པའོ་ལི་སོ་ཧྥུའུ་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་སྲིད་འཛིན་བཀག་རྒྱ་ཇི་ལྟར་སེལ་བ་དང་ནུབ་ཕྱོགས་ཀྱི་བཀག་སྡོམ་ལས་སི་རི་ཡཱའི་དཔལ་འབྱོར་ཐད་བྱུང་བའི་ཤུགས་རྐྱེན་ངན་པ་ཇི་ལྟར་ཐག་གཅོད་བྱེད་པ། དེ་མིན་ཕྱོགས་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་ཀྱི་ལག་ལེན་དུ་བསྟར་རུང་བའི་རྐྱེན་སྲོལ་རྒྱ་བསྐྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། 

གྲོས་མོལ་བྱེད་སྐབས་ཨུ་རུ་སིའི་ཕྱོགས་ཀྱིས་སྔོན་བཀོད་པའི་གྲོས་མཐུན་གྱི་དངོས་འབེབ་དུས་རིམ་དང་མདུན་དུ་ལྷགས་པའི་བཀག་རྒྱར་དཔྱད་འཇོག་བྱས། པའོ་ལི་སོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་སི་རི་ཡཱའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

པའོ་ལི་སོ་ཧྥུའུ་ཡིས་ཉིན་དེར་ད་རུང་སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཨ་ལེ་མུའུ་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་དཔལ་འབྱོར་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་མཇུག་མཐར་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་པར་ཐུན་མོང་གི་ལྟ་ཚུལ་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།