ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉས་ལི་པུ་ཡཱའི་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་སཱ་ལཱ་མུའུ་ཡིས་ཚེས་བཅུ་བདུན་ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལིའི་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་། 

སཱ་ལཱ་མུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཏི་ལེ་པའོ་ལི་མཁར་ནང་གི་མི་སྣ་མང་བོ་འདུས་སར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་ལས་མི་སྣར་ཤི་རྨས་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན། ཁོས་བཤད་རྒྱུར། མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་འགུལ་སྐྱོད་ནི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པ་དང་། འཇབ་རྒོལ་དེ་རིགས་སྤེལ་མཁན་དང་འཆར་འགོད་བྱེད་མཁན་གང་ཡིན་ཡང་འགན་འཁྲི་རྩད་གཅོད་བྱེད་དགོས་ཟེར། སཱ་ལཱ་མུའུ་ཡིས་གསལ་སྒྲོག་ནང་དུ་འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་བྱས་ཏེ། མི་སེར་དཀྱུས་མའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཏི་ལེ་པའོ་ལི་མཁར་ནང་གི་ས་ཁུལ་མང་བོར་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་གནས་གང་ནས་གཏོང་འཕེན་བྱས་པ་མི་ཤེས་པའི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུར་རྨས་ཕོག ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་དང་རྒྱལ་དམངས་དམག་དཔུང་གིས་ཕ་རོལ་བས་དོན་དེར་འགན་ཁུར་དགོས་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།