ཀྲུང་གོ་བོད་ཀྱི་དྲ་བ།

ཀྲ་ཏིའི་དམག་དཔུང་གིས་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་རེ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲ་ཏིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཀྲ་ཏིའི་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོ་ནས་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་བར་རྒྱལ་ཁབ་དེའི་ཀྲ་ཏིའི་མཚོ་ལ་ཉེ་བའི་དམག་དོན་སོ་ལྟ་ཁང་ཞིག་གི་ཉེ་འདབས་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་རེ་གསུམ་བསད་ཟེར། 

ཀྲ་ཏིའི་དམག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ནམ་གུང་འཇབ་རྒོལ་འགུལ་སྐྱོད་སྤེལ། ཀྲ་ཏིའི་དམག་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར། 

དེ་ནི་ཟླ་གཅིག་གི་ནང་ཀྲ་ཏིའི་དམག་དཔུང་དང་པའོ་ཁི་གནས་མཆོག་ཅེས་པའི་བར་བྱུང་བའི་གཞི་རྒྱ་ཅུང་ཆེ་བའི་འཁྲུག་རྩོད་གཉིས་པ་རེད། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོ་ནས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་བར་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཀྲ་ཏིའི་མཐའ་མཚམས་སུ་ཉེ་བའི་དམག་དོན་རྟེན་གཞི་ཞིག་ལ་འཇ་རྒོལ་བྱས་ཏེ། ཉུང་མཐར་ཡང་ཀྲ་ཏིའི་དམག་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། འཇིགས་སྐུལ་ཉེས་ཅན་ལ་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས། 

བསྒྲགས་པ་ལྟར་ན། གསར་དུ་འགན་ཁུར་བའི་ཀྲ་ཏིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ཨེ་ཨར་ཏཱ་ཡིས་ཉེ་སྔོན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོར་ཡུལ་དངོས་རྟོག་ཞིབ་བྱེད་སྐབས་བསྟན་དོན། བྱེད་ཐབས་གསར་བ་སྤྱད་དེ་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་བཀག་འགོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།