ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཨ་ལེ་ཕའོ་གྲོང་ཁྱེར་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཏེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ལེ་ཕའོ་རུ་ཉིན་དེར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་གཅིག་ལ་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ཨ་ལེ་ཕའོ་ཞིང་ཆེན་བྱང་ངོས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཉིན་དེར་མེ་ཤུགས་འཕུར་མདའ་བཀོལ་ནས་ཨ་ལེ་ཕའོ་གྲོང་ཁྱེར་གྱི་ནེ་ལོ་སྲང་ལམ་དང་ཧཱ་ལེ་ཏིས་ཡེ་ས་ཁུལ་དུ་འཇབ་རྒོལ་བྱས་པ་དང་། དེའི་ནང་མེ་ཤུགས་འཕུར་མདའ་གཅིག་ཀུན་འདུས་ཚོང་ར་ཞིག་ཏུ་ལྷུང་བ་རེད་ཟེར། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་དང་ལེན་བྱེད་བཞིན་ཡོད། 

གཞན་ཡང་བསྒྲགས་པ་ལྟར་ན། ཨ་ལེ་ཕའོ་གྲོང་ཁྱེར་གྱི་སུའུ་ཁཱ་ལི་ས་ཁུལ་དུ། འཇིགས་སྐུལ་ཉེས་ཅན་གྱིས་སྦས་པའི་འགས་གཏོར་སྒྲིག་ཆས་ཉིན་དེར་འགས་གཏོར་བྱུང་སྟེ། བྱིས་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་ལ་རྨས་ཕོག  ཉིན་དེར་བཟོ་བ་གཉིས་ཀྱིས་ཏི་ལཱ་ཞིང་ཆེན་གྱི་གཞུང་ལམ་ཞིག་གི་འགྲམ་ནས་སྡོང་བོ་འཛུགས་སྐབས་ས་འོག་འགད་རྫས་འགས་གཏོར་བྱུང་སྟེ་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།