ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་སི་རི་ཡཱ་ནས་འཛིན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཉིས་བརྒྱ་དང་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བདེ་འཇགས་དཔོན་རིགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོའི་དམག་དཔུང་གི་ལག་ནས་སི་རི་ཡཱ་ནས་འཛིན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཉིས་བརྒྱ་དང་ལེན་བྱས། 

དབྱི་རག་ཨན་པཱ་ཨར་ཞིང་ཆེན་གྱི་བདེ་འཇགས་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཉིན་དེར་དང་ལེན་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་ཉིས་བརྒྱ་བོ་ནི་དབྱི་རག་རྒྱལ་ཁབ་ཀྱི་མི་ཡིན་པ་དང་། ཁོ་ཚོ་དབྱི་རག་མངའ་ཁོངས་ཀྱི་བཙོན་ཁང་དུ་སྤྲད་དེ་འདྲི་གཅོད་དང་ཞུ་གཏུག་དང་ལེན་བྱེད་པར་སྒུག་རྒྱུ་རེད་ཟེར། 

དཔོན་པོ་དེས་བཤད་རྒྱུར། ད་ལོའི་ཟླ་གཉིས་པ་ནས་བཟུང་། དབྱི་རག་དམག་ཕྱོགས་ཀྱིས་སི་རི་ཡཱའི་དམངས་གཙོའི་དམག་དཔུང་གི་ལག་ནས་སྐོར་ཐེངས་བཞི་ལ་བསྡོམས་པས་སི་རི་ཡཱའི་དམངས་གཙོའི་དམག་དཔུང་གིས་འཛིན་བཟུང་བྱས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ་དྲག་བརྒྱ་དང་བརྒྱད་ཅུ་དང་ལེན་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།