ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཁོས་ཙུང་ཏུའུ་ཁི་སི་ཀི་ལོ་ཧྥུའུ་ལ་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུའི་གྲོས་གཞི་བཏོན་པ་དང་། ཙུང་ཏུའུ་ཡིད་འཐད་བྱུང་ཡོད་ཟེར། །