ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དམག་ཕྱོགས་ཀྱིས་པཱ་ཞེ་ཨར་སྲིད་དབང་རྩ་རྫོགས་བྱས་ཏེ་རྒྱལ་ཁབ་ཟླ་གསུམ་རིང་བྲེལ་མྱུར་རྣམ་པར་གནས་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གྱི་རྒྱལ་སྲུང་བློན་ཆེན་དབྱེ་པིན་ཨོ་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཙུང་ཐུང་པཱ་ཞེ་ཨར་སྲིད་གཞུང་རྩ་རྫོགས་བྱས་ཏེ་རྒྱལ་ཁབ་ཟླ་ངོ་གསུམ་རིང་བྲེལ་མྱུར་རྣམ་པར་གནས་རྒྱུ་ཁྱབ་སྒྲོག་བྱས། 
ཉིན་དེར་དམག་ལྭ་གྱོན་པའི་དབྱེ་པིན་ཨོ་ཧྥུའུ་སུའུ་ཏན་རྒྱལ་ཁབ་བརྙན་འཕྲིན་ཁང་གི་བརྙན་རིས་ལས་མངོན། ཁོས་བཤད་རྒྱུར། སུའུ་ཏན་གྱི་རྒྱལ་སྲུང་བློན་ཆེན་གྱིས་པཱ་ཞེ་ཨར་སྲིད་དབང་རྩ་རྫོགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། པཱ་ཞེ་ཨར་འཛིན་བཟུང་བྱས་པ་དང་། མིག་སྔར་བདེ་འཇགས་ཀྱི་གནས་ཤིག་ཏུ་ཡོད་ཟེར།

དབྱེ་པིན་ཨོ་ཧྥུའུ་ཡིས་ད་རུང་ཁྱབ་སྒྲོག་བྱས་དོན། དམག་དོན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ་ལོ་གཉིས་ཀྱི་བར་བརྒལ་དུས་སྐབས་ནང་རྒྱལ་ཁབ་ལ་དོ་དམ་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ཟེར། ཁོས་ཞོར་དུ་ད་རུང་གནས་སྐབས་ཀྱི་རྩ་ཁྲིམས་ཁྱབ་སྒྲོག་བྱས།

ཁོས་ད་རུང་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་ཟླ་ངོ་གསུམ་གྱི་བྲེལ་མྱུར་རྣམ་པར་གནས་པ་དང་ཟླ་ངོ་གཅིག་རིང་མཚན་མགྲོན་འགོག་རྒྱུ་ཁྱབ་སྒྲོག་བྱས། དེ་མིན་ད་རུང་སུའུ་ཏན་མངའ་ཁོངས་དུས་ཚོད་ཉེར་བཞིའི་རིང་སྒོ་བརྒྱག་རྒྱུ་ཡིན་པ་དང་། སུའུ་ཏན་གྱི་ས་ཁུལ་སོ་སོའི་མཐའ་མཚམས་རྒྱུ་ལམ་དག་བརྡ་ཐོ་གཞན་པ་གཏོང་རག་བར་དུ་སྒོ་བརྒྱག་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།