ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་མི་ཆོས་རོགས་སྐྱོར་རང་གི་མངའ་ཁོངས་སུ་ཡོང་བར་ཆོག་མཆན་འགོད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་བཅུ་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གིས་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་བར་གྲོས་མཐུན་བཀོད་དེ། རྩ་འཛུགས་དེས་འདོན་སྤྲོད་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དེ་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་སུ་བསྐྱལ་བར་ཆོག་མཆན་འགོད་རྒྱུ་ཡིན་ཟེར།

མཱ་ཏུའུ་ལོ་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཝེ་ནེ་ཙུའེ་ལཱ་སྲིད་གཞུང་དང་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་འབད་བརྩོན་བྱས་ནས། མི་ཆོས་རིང་ལུགས་ཀྱི་ངོ་བོ་ལྡན་པའི་རྒུད་སྐྱོབ་དངོས་རྫས་ཚང་མ་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་སུ་བསྐྱལ་དུ་འཇུག་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཆབ་སྲིད་ཅན་མ་ཡིན་ཞིང་ཆེས་གཟབ་ནན་གྱི་བདེ་འཇགས་ཚད་གཞིར་འཚམ་པའི་དངོས་རྫས་དེ་དག་ལ་ཝེ་ནེ་ཙུའེ་ལཱ་ཡིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ཟེར།

མཱ་ཏུའུ་ལོ་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལཱ་ཡིས་དུས་སྐབས་ངེས་ཅན་ཞིག་གི་ནང་ཕྱོགས་མང་བོའི་རྒྱབ་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ལེན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་རྒྱལ་སྤྱིའི་ལས་ཁུངས་བར་གྲོས་མཐུན་མང་བོ་བཀོད་ཡོད་ལ། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་ཁྲིམས་མཐུན་དང་ཐུན་མོང་ལྟ་ཚུལ་རྨང་གཞིར་བྱེད་པ། ཝེ་ནེ་ཙུའེ་ལཱའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རོགས་སྐྱོར་གང་ཡིན་ཡང་དགའ་བསུ་བྱེད་ངེས་ཡིན་ཟེར།

རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་གྱིས་ཉིན་དེར་ཝེ་ནེ་ཙུའེ་ལཱའི་རྒྱལ་ས་ཅཱ་ལཱ་ཅཱ་སིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྩ་འཛུགས་དེ་དང་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་མཉམ་ལས་བྱས་ཏེ་དམངས་གཙོའི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ་དམིགས་ཡུལ་དུ་བྱས་ཡོད་ལ། དེར་དབུས་གནས་དང་དྲང་བདེན། སྒེར་ཚུགས་བཅས་ཀྱི་ངོ་བོ་ལྡན་ལ། ང་ཚོའི་དམིགས་འབེན་ནི་མི་དམངས་ཀྱི་རེ་བ་བསྐང་བ་དང་། ཆབ་སྲིད་ཀྱི་བྱ་སྤྱོད་གང་རུང་ལ་འབྲེལ་བ་མེད་པ་དེ་ཡིན་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།