ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་དྲག་ཆས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་ནས་དྲག་ཆས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ས་དེའི་དཔོན་རིགས་ཅཱ་མེད་ལེ་ཡིས་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བཅུ་གཅིག་ཉིན་ཞིང་ཆེན་དེའི་ཆཱ་ཨར་ཏཱ་ལཱ་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་འགར་འཇབ་རྒོལ་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ཕྱིར་རྒོལ་ལན་སྤྲད་ནས་དྲག་ཆས་ཉེས་ཅན་བདུན་བསད། གཞན་ཡང་ཉེན་རྟོག་པ་བརྒྱད་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར། འཁྲུག་རྩོད་དེ་ལས་ད་རུང་དྲག་ཆས་མི་སྣ་དྲུག་དང་བདེ་འཇགས་མི་སྣ་བཅུ་ལ་རྨས་ཕོག་ཡོད་ཟེར།

ཐཱ་ལེ་པན་ཕྱོགས་ཀྱིས་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།