ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཞི་ནེ་བྱང་མ་ཞིང་ཆེན་དུ་ཨ་ལི་ཧྲི་གྲོང་ཁྱེར་གྱི་ཐོལ་རྒོལ་ཞིག་གི་ནང་འཇིགས་སྐུལ་ཉེས་ཅན་བཅུ་གཅིག་བསད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཨ་ལི་ཧྲི་གྲོང་ཁྱེར་སྡོད་དམངས་ཐོག་ཁང་ཞིག་ནས་འཇིགས་སྐུལ་ཉེས་ཅན་གྱི་སྦས་སྐོང་བྱེད་ས་ཞིག་རྙེད་པ་དང་། མཚོན་ཆ་དང་འགད་རྫས་མང་བོ་རྙེད་ཡོད། འཇིགས་སྐུལ་ཉེས་ཅན་གྱིས་སྔོན་གྱི་འཆར་གཞི་ལྟར་ཨ་ལི་ཧྲི་གྲོང་ཁྱེར་གྱི་མཐའ་འཁོར་ས་ཁུལ་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལག་བསྟར་བྱེད་རྩིས་ཡོད།
གཞན་ཡང་བསྒྲགས་པ་ལྟར་ན། ཨེ་ཅིབ་ནང་སྲིད་པུའུ་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ས་ཁེ་རོ་བྱང་ངོས་ཀྱི་ཀའེ་ལེ་ཡུག་པུའུ་ཞིང་ཆེན་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་དྲུག་བསད་ཟེར། བསྒྲགས་པ་ལྟར་ན། ཆོད་དོན་རྩ་འཛུགས་དེ་ཨེ་ཅིབ་མུའུ་སི་ལིན་སྤུན་ཟླ་ཚོགས་པར་འབྲེལ་བ་ཡོད་པ་དང་། ཨེ་ཅིབ་སྲིད་གཞུང་གིས་འཇིགས་སྐུལ་རྩ་འཛུགས་སུ་ངོས་འཛིན་བྱས་ཡོད། །