ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ན་གཞོན་གླེང་སྟེགས་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཉིས་སྟོང་བཅུ་དགུ་ལོའི་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ན་གཞོན་གླེང་སྟེགས་ཚེས་བརྒྱད་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། རབས་འདིའི་ན་གཞོན་ནི་ལོ་རྒྱུས་སྟེང་མི་གྲངས་ཆེས་མང་ཞིང་སློབ་གསོའི་མྱོང་ཚད་ཆེས་མཐོ་ལ། འཛམ་གླིང་ཡོངས་ཀྱི་མིག་རྒྱང་ཆེས་ཆེ་བའི་མི་རབས་ཤིག་ཡིན་པ་དང་། ཁོ་ཚོས་ཚད་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ཟེར། 

ཨེ་སི་ཕིས་ནོའུ་སཱ་ཡིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས་སོགས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་མདུན་ནས་ན་གཞོན་དང་རྒན་པ་སུ་ཡིན་ཡང་ཐུན་མོང་གི་འགན་འཁྲི་ཡོད་པས། མི་ཚང་མས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ཏེ་ཐག་གཅོད་བྱེད་དགོས། ང་ཚོར་མཁོ་བ་ནི་ངེས་པ་དོན་གྱི་བཟོད་སྒོམ་རང་བཞིན་ལྡན་པའི་མི་རབས་བར་གྱི་མཉམ་ལས་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལོ་ཨིན་ཐཱ་ཅིན་གྱིས་ཞུ་ཚིག་ནང་བཤད་རྒྱུར། ད་ལོའི་གླེང་སྟེགས་ཀྱི་གཙོ་གནད་ནི་ན་གཞོན་གྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། བཟོད་སྒོམ་དང་འདྲ་མཉམ་ནན་བཤད་བྱེད་པ་དེ་ཡིན། སྔར་ལས་རྒྱུན་མཐུད་ཀྱི་འཛམ་གླིང་ཞིག་གསར་སྐྲུན་བྱེད་ཆེད། ན་གཞོན་དག་ལ་རྩལ་ནུས་དང་རིན་ཐང་ལྟ་བ། བྱ་བ་བཅས་ཡོད་དགོས་ལ། ཁོ་ཚོས་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་འཇོག་ཏུ་འཇུག་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་ལོ་རེར་ན་གཞོན་གྱི་གླེང་སྟེགས་ཐེངས་རེ་སྤེལ་བ་དང་། ད་ལོའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་རང་བདག་དང་བཟོད་སྒོམ། འདྲ་མཉམ་བཅས་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།