ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཧི་ཐེ་ཏཱ་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ་སྲིད་གཞུང་གི་དམག་མི་ཉེར་བཞིར་ཤི་རྨས་བཟོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཚེས་བདུན་ཉིན་ཡེ་མིན་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱ་རུ་བཅའ་སྡོད་བྱས་པའི་སྲིད་གཞུང་དམག་དཔུང་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་སྲིད་གཞུང་དམག་དཔུང་གི་དམག་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། དམག་མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་ཧི་ཐེ་ཏཱའི་ལྷོ་ཕྱོགས་ས་ཁུལ་དུ་བཅའ་སྡོད་བྱེད་པའི་སྲིད་གཞུང་དམག་དཔུང་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་དྲག་པོ་བྱས་ཏེ། སྲིད་གཞུང་དམག་དཔུང་ལ་ཤི་རྨས་ཚབས་ཆེན་བཟོས་པ་རེད། དེའི་རྗེས་སུ་ཧུའུ་སེ་དྲག་ཆས་པས་སྲིད་གཞུང་དམག་དཔུང་གི་བཅའ་སྡོད་ས་ཁུལ་དུ་དཔུང་འཇུག་བྱས་ནས་ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་བ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།