ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཁི་ཝེ་ཐི་ཡིས་ཡེ་མིན་གྱི་དཔལ་འབྱོར་སླར་གསོ་འབྱུང་བར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ཝེ་ཐི་རུ་འཚམས་འདྲི་བྱེད་བཞིན་པའི་ཡེ་མིན་གྱི་ཕྱི་འབྲེལ་བློན་ཆེན་ཡེ་མཱ་ནེ་ཡིས་ཚེས་བདུན་ཉིན་བསྟན་དོན། ཁི་ཝེ་ཐི་ཡིས་ཡེ་མིན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་རེ་བཞིན་ཡོད་པ་དང་། ཡེ་མིན་གྱི་དཔལ་འབྱོར་སླར་གསོ་མངོན་འགྱུར་འབྱུང་བར་ཡང་རོགས་རམ་བྱེད་དགོས་ཟེར། 

ཡེ་མཱ་ནེ་ཡིས་ཉིན་དེར་ཁི་ཝེ་ཐིའི་རྒྱལ་ས་ཁི་ཝེ་ཐི་མཁར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁི་ཝེ་ཐི་ནི་ནམ་རྒྱུན་ཨ་རབ་རྒྱལ་ཁབ་ཀུན་གྱི་སྤྱིའི་ཁེ་ཕན་གྱི་སྲུང་སྐྱོབ་མཁན་ཡིན་པ་དང་། ཡེ་མིན་གྱི་རྒྱབ་སྐྱོར་མཁན་ཡང་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་ཡེ་མིན་ལ་རོགས་སྐྱོར་མང་བོ་འདོན་སྤྲོད་བྱས་ཡོད། ང་ཚོས་ཁི་ཝེ་ཐི་ཡིས་ཡེ་མིན་གྱི་ལས་གཞི་ཆུང་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་དང་ང་ཚོས་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཟེར། 

ཉིན་དེའི་སྔ་དྲོར། ཡེ་མཱ་ནེ་ཡིས་ཁི་ཝེ་ཐིའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སཱ་པཱ་ཧི་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཡེ་མིན་གྱི་གནས་བབ་གསར་བ། ཡེ་མིན་གྱི་ཉམས་ཉེན་གྱི་ཐག་གཅོད་ཇུས་གཞི་སོགས་ལ་གྲོས་བསྡུར་བྱས། 

བསྟུད་མར་འཁྲུག་རྩོད་བྱུང་བའི་དབང་གིས་ཉེ་བའི་ལོ་འགའི་རིང་ལ་ཡེ་མིན་གྱི་དཔལ་འབྱོར་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཆེན་པོའི་གནས་སུ་ལྷུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་པོས་ན་ནིང་ཟླ་བཅུ་བར་བཤད་རྒྱུར། ཡེ་མིན་དུ་ལྟོགས་སྐོམ་ཆེན་པོ་འབྱུང་བའི་ཉེན་ཁ་ཡོད་པ་དང་། ཚོད་དཔག་བྱས་ན་མི་བྱེ་བ་གཅིག་དང་ས་ཡ་བཞི་ལྷག་ལ་གནོད་པ་ཐེབས་སྲིད་ལ། དེས་ཡེ་མིན་གྱི་སྤྱིའི་མི་གྲངས་ཀྱི་ཕྱེད་ཀ་ཟིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།