ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་དབུས་བྱང་ཤར་གྱི་མཐོ་རིམ་གྲོས་ཚོགས་ནས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་བཞི་བའི་ཚེས་དྲུག་ཉིན། ཅོར་ཏན་གྱི་ཧི་སེ་ཡུན་རྒྱལ་བོའི་གྲོས་ཚོགས་ལྟེ་གནས་ནས། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་དབུས་བྱང་ཤར་གྱི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བདུན་པའི་སྟེང་ཞུ་ཚིག་འབུལ་བཞིན་པ། 

ཟླ་བཞི་བའི་ཚེས་དྲུག་ཉིན། ཅོར་ཏན་གྱི་ཧི་སེ་ཡུན་རྒྱལ་བོའི་གྲོས་ཚོགས་ལྟེ་གནས་ནས། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་དབུས་བྱང་ཤར་གྱི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བདུན་པའི་སྟེང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་མཁན་དང་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་ལག་འཇུ་བྱེད་བཞིན་པ། 

ཟླ་བཞི་བའི་ཚེས་དྲུག་ཉིན། ཅོར་ཏན་གྱི་ཧི་སེ་ཡུན་རྒྱལ་བོའི་གྲོས་ཚོགས་ལྟེ་གནས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་དབུས་བྱང་ཤར་གྱི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བདུན་པའི་སྟེང་ཞུ་ཚིག་འབུལ་བཞིན་པ། 

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་དབུས་བྱང་ཤར་གྱི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བདུན་པ་ཚེས་དྲུག་ཉིན་ཅོར་ཏན་གྱི་ཧི་སེ་ཡུན་རྒྱལ་བོའི་གྲོས་ཚོགས་ལྟེ་གནས་སུ་སྤེལ་མགོ་བརྩམས་པ་དང་། རྒྱལ་ཁབ་ལྔ་བཅུ་ལྷག་ནས་ཡོང་བའི་ཆབ་སྲིད་དང་ཚོང་ལས་ལས་རིགས་ཀྱི་མི་སྣ་སྟོང་གཅིག་ལྷག་གིས་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་སྟེ་མཉམ་ལས་ཀྱི་སྟེགས་བུ་གསར་བ་བསྐྲུན་པར་དམིགས་ནས་གྲོས་བསྡུར་བྱས།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་མཁན་དང་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། དུས་ཡུན་རིང་བོའི་ཚུན་ལ། འཐབ་འཁྲུག་དང་འཁྲུག་རྩོད་ལས་ཨ་ཧྥེ་རི་ཁ་དབུས་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ཁག་ཆེན་པོ་བཟོས་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་དམིགས་ཡུལ་ནི་དུས་ཡུན་རིང་བོའི་གྲོས་མོལ་རྐྱེན་སྲོལ་བཙུགས་ནས། དབྱི་རག་གི་གནས་བབ་དང་སི་རི་ཡཱའི་གནད་དོན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད། ཡུལ་གྱར་བའི་གནད་དོན་སོགས་ས་ཁུལ་གྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་ཡིན་ཟེར།

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱ་དགོས་ན་རྒྱལ་ཁབ་སོ་སོས་མཉམ་ལས་རྒྱ་ཆེར་སྤེལ་དགོས་ཟེར། ཁོས་ཅོར་ཏན་གྱིས་སློབ་གསོ་དང་ཐོན་ལས་གསར་སྐྲུན་ཐད་བསྒྲུབས་པའི་བྱ་བ་མཚམས་སྦྱོར་བྱས་པ་དང་། ཡུལ་གྱར་བས་ཅོར་ཏན་གྱི་དཔལ་འབྱོར་ལ་དཀའ་ཁག་ཆེན་པོ་བཟོས་ཡོད་ཀྱང་། སྤུས་ཚད་མཐོ་བའི་མི་ཤུགས་ཐོན་ཁུངས་ཀྱིས་རྒྱལ་ཁབ་དེའི་འཕར་སྣོན་སྦས་ཤུགས་ལ་ཁག་ཐེག་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་དགོས་གལ་ཆེ་བ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནམ་རྒྱུན་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཅོར་ཏན་གྱིས་ཡུལ་གྱར་བ་དང་ལེན་བྱེད་པའི་ཐད་བྱས་རྗེས་བཞག་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་དགོས་ཟེར།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་སོགས་ཀྱང་ཉིན་དེའི་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། འགྲིག་མཐུན་དང་བསྐྱར་འཛུགས། ལས་སྐྲུན་གསར་བརྗེ། ཁོར་ཡུག་དོ་དམ་སོགས་ཀྱི་གྲོས་མོལ་ནང་དོན་བཀོད་སྒྲིག་བྱས་ཏེ། བཟོ་ལས་གསར་བརྗེ་ཐེངས་བཞི་བ་ས་ཁོངས་ཀྱི་རྒྱལ་ཁབ་དག་ཏུ་མངོན་འགྱུར་འབྱུང་བར་གྲོས་བསྡུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།