ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་དཔོན་གྱིས་ཁུ་པའི་མེ་ཤུགས་འཕུར་མདེལ་གྱི་ཉམས་ཉེན་དེ་ཝེ་ནེ་ཙུའུ་ལར་བསྐྱར་དུ་ཐོན་མི་སྲིད་ཅེས་བཤད་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2019-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་༣ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུ་ཡིས། ཨུ་རུ་སུས་ཝེ་ནེ་ཙུའུ་ལར་དམག་དོན་མི་སྣ་དང་དངོས་ཟོག་མངག་གཏོང་བྱེད་པ་དེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་བར་གྱི་གྲོས་ཆོད་དང་མཐུན་གྱི་ཡོད་པ་དང་། ཨུ་རུ་སུས་ཝེ་ནེ་ཙུའུ་ལ་དེ་སི་རི་ཡ་གཉིས་པ་འགྱུར་རྒྱུའི་སེམས་པ་བཅངས་མེད་ལ། ཁུ་པའི་མེ་ཤུགས་འཕུར་མདེལ་གྱི་ཉམས་ཉེན་ཡང་ཝེ་ནེ་ཙུའུ་ལར་བསྐྱར་དུ་ཐོན་མི་སྲིད་ཅེས་བསྟན་ཡོད།

ལ་ཧྥུ་ལོ་ཧྥུས་ད་དུང་། ཨ་རིའི་འགོ་ཁྲིད་མི་སྣས་ཝེ་ནེ་ཙུའུ་ལའེ་གནད་དོན་ཐག་གཅོད་བྱེད་པའི་ཐད་དམག་དོན་ཐེ་ཇུས་ཚུད་པའི་འདམས་ཁ་ཡོངས་བཞག་རྒྱུ་ཡིན་པ་ཟུར་གསལ་བྱས་ཡོད་ན་ཡང་། གལ་ཏེ་ཨ་རིའི་ཕྱོགས་ཀྱིས་ཝེ་ནེ་ཙུའུ་ལར་དམག་དོན་ཐེ་ཇུས་བྱས་ཚེ། ལ་ཏིང་ཨ་མི་རི་ཁའི་རྒྱལ་ཁབ་མང་པོ་ཞིག་གིས་ཨ་རིའི་བྱེད་སྟངས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པར་ཡིད་ཆེས་ཡོད་ཅེས་བསྟན་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།