ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལོ་ཀྲའོ་ཧུད་ཀྱིས་རྒྱ་གར་གྱི་སྨྱན་སྦྱོར་ཐོག་ཀྲུང་གོ་དང་རྒྱ་གར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༦༩འཁོར་བར་དྲན་གསོ་ཞུ་ཞེས་པའི་རྩོམ་ཡིག་སྤེལ་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2019-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལོ་ཀྲའོ་ཧུད་ཀྱིས་སྤྱི་ཚེས་༤ཉིན་རྒྱ་གར་གྱི་སྙན་གྲགས་ཆེ་བའི་དབྱིན་ཡིག་སྨྱན་སྦྱོར་༼རྒྱ་གར་མགྱོགས་འཕྲིན་ཚགས་པར་༽ཞེས་པའི་ཐོག་ ༼འབྲུག་གླང་མཉམ་དུ་རོལ་ནས་ཨེ་ཤི་ཡའི་དུས་རབས་གཏོད་༽ཅེས་པའི་མཚན་བཀོད་རྩོམ་ཡིག་ཞིག་སྤེལ་ཡོད་པ་དང་། ཀྲུང་གོ་དང་རྒྱ་གར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༦༩འཁོར་བར་རྟེན་འབྲེལ་ཞུས་ཡོད། མ་གཞི་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བར་གནས་ཚུལ་མང་པོ་ཐོན་ཡོད་ན་ཡང་། མཛའ་འབྲེལ་མཉམ་ལས་ནི་སྔ་བར་ཕྱི་གསུམ་དུ་འཕེལ་ཕྱོགས་ཆེན་པོ་དང་གཙོ་རྒྱུན་ཞིག་ཡིན་ཞེས་སྤེལ་ཡོད།

ལོ་ཀྲའོ་ཧུད་ཀྱིས། སྤྱི་ལོ་༢༠༡༨ལོའི་ཟླ་༤པར། ཀྲུང་གོ་དང་རྒྱ་གར་གྱི་འགོ་ཁྲིད་མི་སྣས་ཝུ་ཧན་དུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དངོས་གཞི་མིན་པའི་མཇལ་མོལ་གནང་ཡོད། ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་ཇེ་ཡག་ཏུ་ཕྱིན་ཡོད་པ་དང་། གོང་འཕེལ་གྱི་མགྱོགས་བགྲོད་ལམ་དུ་བསྐྱོད་བཞིན་ཡོད་ཅེས་དང་།

ཁོང་གིས། དུས་སང་ནི་ཀྲུང་གོ་དང་རྒྱ་གར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན། ཕྱིས་སུ། ང་ཚོས་མུ་མཐུད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུ་དེ་དམིགས་འབེན་དུ་བརྩིས་ནས། བརྗེ་སྒྱུར་དང་། བརྟན་པོ། རེ་འདུན་ཞེས་པའི་འགག་རྩའི་ཚིག་གསུམ་འབུར་དུ་ཐོན་པ་བྱས་ནས། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་བརྟན་ཞིང་རྒྱང་རིང་དུ་བསྐྱོད་ཐུབ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས། ཀྲུང་གོ་དང་རྒྱ་གར་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཞིག་ཡིན་པའི་ངོས་ནས། ཁྱིམ་མཚེས་ཡིན་པའི་གསར་དར་རྒྱལ་ཁབ་ཆེན་པོ་མཛའ་གྲོགས་མཉམ་གནས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པའི་ནུས་པ་ཡོད་ལ་བློ་རིག་ཀྱང་ལྡན་ཡོད་པས། ལག་གདང་འབྲེལ་ནས་འ ཨེ་ཤི་ཡའི་དུས་རབས་གཏོད་དེ། ཕྱིས་འབྱུང་གི་ལོ་ངོ་༧༠ནང་སླར་ཡང་འོད་སྟོང་གཏོད་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།