ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྐུ་ཚབ་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཧའེ་ཏི་ཡི་ཁྲིམས་འཛིན་རོགས་སྐྱོར་ཚོགས་པ་ཕྱིར་འཐེན་བྱེད་པའི་འཆར་གཞིར་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2019-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སྤྱི་ཚེས་༣ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུ་ཧའེ་ཐའོ་ཡིས། ཀྲུང་གོའི་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེས་བཏོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཧའེ་ཏི་ཡི་ཁྲིམས་འཛིན་རོགས་སྐྱོར་ཚོགས་པ་ཕྱིར་འཐེན་བྱེད་པའི་འཆར་གཞིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཝུ་ཧའེ་ཐའོ་ཡིས། ཉེ་དུས། ཧའེ་ཏི་ཡི་ཆབ་སྲིད་གནས་བབ་སྔར་བཞིན་རྙོག་འཛིང་ཆེན་པོ་ཡོད་ལ། དཔལ་འབྱོར་དང་མི་ཆོས་ཀྱི་གནས་བབ་ལ་ཡང་འགྲན་རྩོད་འཕྲད་ཡོད། ཀྲུང་གོའི་ཕྱོགས་ནས་ཧའེ་ཏི་སྲིད་གཞུང་གིས་རྒྱལ་ཁབ་བརྟན་ལྷིང་གོང་འཕེལ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འཁུར་ནས། རང་ངོས་ཀྱི་གོང་འཕེལ་ནུས་པ་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཡོངས་སུ་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་བྱས་ཏེ། གྲོས་མོལ་བྱས་པ་བརྒྱུད་ཕྱོགས་འགལ་ཐག་གཅོད་འོས་འཚམ་བྱེད་དགོས་ཞེས་གསུངས་པ་དང་། ཝུ་ཧའེ་ཐའོ་ཡིས། ཧའེ་ཏི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་ལས་དོན་ཐད་གཞོགས་འདེགས་བྱས་ནས། གནད་དོན་ལྷིང་འཇགས་ཡོང་བར་འགན་ལེན་བྱ་དགོས་ཞེས་བསྟན་ཡོད།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།