ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་མི་སྣ་བཅུ་ཕྲག་འགའ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཏཱ་ལེ་ཨ་ཞིང་ཆེན་གྱི་བྱང་ངོས་ས་ཁུལ་ཕྱིར་འཕྲོག་ལེན་བྱས་པ་དང་། ཧུའུ་སེ་དྲག་ཆས་པའི་མི་སྣ་བཅུ་ཕྲག་འགའ་བསད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་གསུམ་གྱི་སྔོན་ལ་སྲིད་གཞུང་དམག་དཔུང་གི་ལག་ནས་ཏཱ་ལེ་ཨ་ཞིང་ཆེན་བྱང་ངོས་ས་ཁུལ་ཕྱིར་འཕྲོག་ལེན་བྱས། ས་ཁུལ་དེ་ཕྱིར་འཕྲོག་ལེན་བྱེད་ཆེད། སྲིད་གཞུང་དམག་དཔུང་གིས་ཉིན་འགའི་རིང་ས་ཁུལ་དེའི་ཧུའུ་སེ་དྲག་ཆས་པར་དཔུང་འཇུག་བྱས། སྲིད་གཞུང་དམག་དཔུང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ་དྲག་ཆས་མི་སྣ་བཅུ་ཕྲག་འགའ་བསད་པ་དང་། མཇུག་མཐར་ས་ཁུལ་དེ་ཕྱིར་འཕྲོག་ལེན་བྱས་པ་རེད། སྲིད་གཞུང་དམག་དཔུང་གི་དམག་མི་བཅུ་གསུམ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་མིག་སྔར་ད་རུང་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད། 

ཏཱ་ལེ་ཨ་ཞིང་ཆེན་དེ་ཡེ་མིན་ལྷོ་ཕྱོགས་སུ་གནས་པ་དང་། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་རྒྱུན་པར་ཏཱ་ཨ་ལེ་ཞིང་ཆེན་བྱང་ཕྱོགས་དང་ནུབ་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།