ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་བཅོ་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་ཡེ་མིན་ནུབ་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་ཁོངས་མི་བཅོ་ལྔ་བསད་ཟེར། 

ཡེ་མིན་སྲིད་གཞུང་དམག་དཔུང་གི་སཱ་ཏཱ་རུ་སྡོད་པའི་དམག་དཔུང་གི་འགན་ཁུར་མི་སྣ་སཱ་ཏིས་ཀྱིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་སཱ་ཏཱ་ཞིང་ཆེན་པཱ་ཅི་མུའུ་ས་ཁུལ་ཤར་ཕྱོགས་སུ་སྡོད་པའི་སྲིད་གཞུང་དམག་དཔུང་ལ་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་མཐར་སྐྲོད་བཏང་། སྲིད་གཞུང་དམག་དཔུང་གིས་འཁྲུག་རྩོད་བྱེད་སྐབས་ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་པའི་ཁོངས་མི་བཅོ་ལྔ་བསད་པ་དང་། མི་འགར་རྨས་ཕོག གཞན་ཡང་སྲིད་གཞུང་གི་དམག་མི་གསུམ་ལ་རྨས་ཕོག་ཡོད་ཟེར། 

སཱ་ཏིས་ཀྱིས་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་པཱ་ཅི་མུའུ་ཤར་ཕྱོགས་ས་ཁུལ་ནི་སྲིད་གཞུང་དམག་དཔུང་གིས་གཟའ་འཁོར་སྔོན་མར་ཧུའུ་སེ་དྲག་ཆས་པའི་ལག་ནས་འཕྲོག་ལེན་བྱས་པ་ཡིན་ལ། ཧུའུ་སེ་དྲག་ཆས་པས་ནམ་རྒྱུན་དེ་ཕྱིར་འཕྲོག་ལེན་བྱེད་རྩིས་ཡོད། 

སཱ་ཏཱ་ཞིང་ཆེན་དེ་སོ་ཏི་ཨ་རབ་དང་འདབས་འབྲེལ་དུ་ཡོད་པ་དང་། དུས་ཡུན་རིང་བོར་ཧུའུ་སེ་དྲག་ཆས་པའི་སྦས་སྐོང་བྱེད་ས་ཡིན། ཡེ་མིན་སྲིད་གཞུང་དམག་དཔུང་གིས་མིག་སྔར་ཞིང་ཆེན་དེའི་ས་ཁུལ་རེ་འགའ་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།