ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཏིས་ཀྱིས་ཕཱ་ཁི་སི་ཐན་གྱི་ཙུང་ལི་ལ་འཕྲིན་ཡིག་བསྐུར་ནས་ཕཱ་ཁི་སི་ཐན་གྱི་རྒྱལ་སྟོན་ཉིན་མོར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བདེན་དཔང་བྱས་དོན། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཉིན་དེར་ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་ལ་འཕྲིན་ཡིག་བསྐུར་ཏེ། ཕཱ་ཁི་སི་ཐན་གྱི་རྒྱལ་སྟོན་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུས། 

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ནི་ཕཱ་ཁི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་སྟོན་ཉིན་མོ་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། ཕྱི་འབྲེལ་གྱི་རྒྱུན་སྲོལ་ལྟར་ན། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཀྱི་རྒྱལ་སྟོན་ཉིན་མོར་རྒྱལ་ཁབ་དེའི་མགོ་གཙོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བཞིན་ཡོད། ཡིན་ཡང་རྒྱ་གར་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་བསྟན་དོན། རྒྱ་གར་གྱིས་འཐུས་མི་མངག་ནས་དབྱེ་སི་ལན་པའོ་དང་ཡང་ན་རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་མཐོ་རིམ་ཆེད་དོན་པའི་ལས་དོན་ཁང་དུ་སོང་ནས་རྒྱལ་སྟོན་སྣེ་ལེན་ཚོགས་འདུར་ཞུགས་རྒྱུ་མིན་པ་དང་། ཕཱ་ཁི་སི་ཐན་དུ་ཡོད་པའི་རྒྱ་གར་ཕྱི་འབྲེལ་དཔོན་པོ་ཡང་ཕཱ་ཁི་སི་ཐན་རྒྱལ་ནང་གི་རྒྱལ་སྟོན་བྱ་འགུལ་གཞན་པར་ཞུགས་མི་སྲིད་ཟེར། 

དབྱེ་མུའུ་ལན་ཧན་གྱིས་དྲ་ཚིགས་བརྒྱུད་དེ་ཁོ་ལ་མའོ་ཏིས་ཀྱི་འཚམས་འདྲི་འབྱོར་ཡོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། མའོ་ཏིས་ཀྱིས་ཕཱ་ཁི་སི་ཐན་མི་དམངས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་ཡོད་པར་མ་ཟད། ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་གྱི་མི་དམངས་དག་གིས་མཉམ་དུ་དམངས་གཙོ་དང་ཞི་བདེ། གོང་འཕེལ། དར་རྒྱས་བཅས་ཀྱི་ས་ཁུལ་ཁོར་ཡུག་བསྐྲུན་པའི་ཆེད་དུ་མཉམ་དུ་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།