ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་ནས་བཙན་གྱིས་སར་བབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་བའི་དབང་གིས་ཏི་ཧེ་ལན་གྱི་མེད་ཧི་ལཱ་པཱ་ཏི་གནམ་གྲུ་ཐང་དུ་བྲེལ་མྱུར་ངང་བབས་ཏེ་མེར་འབར་ཡང་། དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་ཐེབས་མེད་ཟེར། 

དབྱི་ལིང་མཁའ་འགྲུལ་ཀུང་ཟིའི་དབུ་བཞུགས་ལག་བསྟར་དཔོན་པོ་ཞེ་ལཱ་ཧྥུའུ་པཱ་ཧྥེ་ཡིས་བཤད་རྒྱུར། དོན་རྐྱེན་བྱུང་བའི་གནམ་གྲུ་དེ་ནི་ཧི་ལན་གྱིས་བཟོས་པའི་འགྲུལ་སྐྱེལ་གནམ་གྲུ་ཡིན་པ་དང་། དབྱི་ལིང་ལྷོ་ཕྱོགས་ཀྱི་ཀི་ཧྲི་མུའུ་གླིང་ཕྲན་ནས་འཕུར་ཏེ་ཏི་ཧེ་ལན་གྱི་མེད་ཧི་ལཱ་པཱ་ཏི་གནམ་གྲུ་ཐང་དུ་འབབ་རྩིས་ཡོད་པ་རེད། གནམ་གྲུ་དེ་འབབ་རྩིས་བྱེད་སྐབས་རྟེན་འཁོར་ལ་ཆག་སྐྱོན་བྱུང་ནས་རྒྱུན་ལྡན་ལྟར་སྒོ་འབྱེད་མ་ཐུབ་པས། གནམ་གྲུའི་ཁ་ལོ་བས་བཙན་གྱིས་འབབ་རྒྱུ་ཐག་བཅད། སར་བབས་པ་དང་བསྟུན་ནས་འགྲུལ་སྐྱེལ་གནམ་གྲུ་མེར་འབར་ཀྱང་། མཇུག་མཐར་བདེ་འཇགས་ངང་བབས་ཡོད་ལ། མི་སྣར་ཤི་རྨས་ཐེབས་མེད་ཟེར། 

ཞེ་ལཱ་ཧྥུའུ་པཱ་ཧྥེ་ཡིས་གནམ་གྲུའི་སྟེང་གི་འགྲུལ་བ་དང་ལས་བྱེད་མི་སྣའི་ཁ་གྲངས་གསལ་བོར་མ་བསྒྲགས་ཀྱང་། གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུ་དེའི་སྟེང་བསྡོམས་པས་མི་བརྒྱ་དྲུད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།