ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལིའི་དབུས་ཕྱོགས་ཀྱི་དམག་སྒར་ཞིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལིའི་དབུས་ཕྱོགས་ཀྱི་མའོ་ཕུའུ་ཐིས་ས་ཁུལ་གྱི་ཅིག་ལཱ་གྲོང་རྡལ་གྱི་དམག་སྒར་ཞིག་ལ་ཚེས་བཅུ་བདུན་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མཱ་ལིའི་དམག་མི་བཅུ་དྲུ་རྐྱེན་ལམ་དུ་ཤོར། 

མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་ཞིན་ཧྭ་གསར་འགྱུར་ཁང་ལ་བཤད་རྒྱུར། མཚོན་ཆ་ཆེ་གྲས་བཟུང་བའི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཉིན་དེའི་ཞོགས་པའི་དུས་ཚོད་དྲུག་ཡས་མས་སུ་སོ་སོར་དམག་སྒར་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དམག་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱད་གར་སོང་རྙེད་མེད། 

མཱ་ལིའི་དམག་ཕྱོགས་ཀྱིས་འཁྲུག་རྩོད་བྱེད་སྐབས་ཕྱོགས་གཉིས་ལ་ཤི་རྨས་ཐེབས་ཡོད་པ་ཁས་ལེན་བྱས་པ་དང་། དོན་རྐྱེན་བྱུང་སར་ས་ངོས་ཀྱི་དམག་དཔུང་ཁ་སྣོན་བྱས། 

དོན་རྐྱེན་བྱུང་སའི་ཉེ་འདབས་ཀྱི་སྡོད་དམངས་ཀྱིས་གསར་འགོད་པར་བཤད་རྒྱུར། མཱ་ལིའི་དམག་མི་བཅུ་བདུན་ནས་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། དམག་སྒར་ཁྲོད་ཀྱི་དངོས་རྫས་སྐོར་ཞིག་དྲག་ཆས་མི་སྣས་འཕྲོག་སོང་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།